སྨན་རིའི་གླིང་དུ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་དགོངས་རྫོགས་གདུང་མཆོད་ཕུལ་བའི་ཉིན་ལྔ་བའི་གནས་བསྡུས།

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་རྣམ་གཉིས་ཀྱི་བཀའ་དགོངས་གཞི་བཟུང་འོག ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་ཉིད་ཀྱི་དགོངས་རྫོགས་སུ་ཉིན་ལྔའི་རིང་གདུང་མཆོད་ཕུལ་ཡོད་པ་དང་།

 དེ་ཡང་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧།༣༠ ནས་བོན་གཞིས་སེར་སྐྱ་ཡོངས་ཀྱིས་བླ་མ་མཆོད་ཐབས་དང་ཚེ་དབང་སྨོན་ལམ། རྗེ་ཡོངས་འཛིན་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་ནས་གདུང་མཆོད་ཕུལ་ཞིང་། ཚེས་ ༡༣ ཉིན་ཨ་སྙན་རྫོགས་གསུམ།

ཚེས་ ༡༤།༡༥ ཉིན་གཉིས་རིང་གྲྭ་ཚང་ནས་མ་རྒྱུད་བྲུ་ལུགས་ཀྱི་ཚོགས་མཆོད་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་ཡོངས་ནས་ཉིན་གཉིས་རིང་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་ཕུལ་ཡོད་པ་རེད།

དེ་རིང་ཚེས་ ༡༦ སྟེ་དགོངས་རྫོགས་ཉིན་ལྔ་བའི་ཉིན་སེམས་དཔའ་འདུས་མང་ཡོངས་ནས་རིག་འཛིན་འདུས་པའི་ཚོགས་མཆོད་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་ཡོངས་ནས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་ཕུལ་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་ ༧།༣༠སྟེང་ཆར་བས་རྐྱེན་པས་བོན་གཞིས་སེར་སྐྱ་མི་མང་ཡོངས་ནས་ཚོགས་ཆེན་འདུལ་ཁང་དུ་བླ་མ་མཆོད་ཐབས་སོགས་ཀྱི་སྒོ་ནས་གདུང་མཆོད་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow