
༄༅། ། འཛམ་གླིང་ཕྱོགས་མཐའ་གང་དུ་གནས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་རྗེས་སུ་འཛིན་པའི་དད་ལྡན་བོན་འབངས་ཡོངས་ཀྱི་སྙན་ལམ་དུ་ཞུ་དོན། ཀུན་གྱིས་མཁྱེན་གསལ་ལྟར་ཕྱི་ལོ་༢༠༢༥ལོར་རང་ཅག་རྣམས་ཀྱི་རྩ་བའི་བླ་མ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ༧ སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གདུལ་བྱ་གཞན་དོན་དུ་སྐུ་བདེ་བར་གཤེགས་པར་བརྟེན། འཆར་ལ་ཉེ་བའི་བོད་མེ་རྟ་ལོའི་ལོ་གསར་སྐབས། འདི་ག་གདན་ས་སྨན་རིར་ལོ་གསར་ཚེས་གཅིག་ཞོགས་པར་བླ་བྲང་གི་མང་ཇ་དང། ཚིག་བཀྲ་གསུང་རྒྱུ། ཚེས་༣ ཉིན་བསང་གསོལ། ཚེས་༥ ཉིན་རྗེ་རིན་པོ་ཆེའི་དུས་ཆེན་སྐབས་སྐུ་བརྙན་རིན་པོ་ཆེ་མཇལ་ཞུ། ཚེས་༡༠ ནས་དགེ་བཤེས་ཀྱི་མཛད་སྒོ། ཚེས་༡༣སྟེ་གཤེན་གྱི་གར་འཆམ་ཉིན་རྩེད་འཆམ་མིན་པའི་འཆམ་སྣ་གཞན་རྣམས་འཆམ་རྒྱུས་མཚོན། བོན་ཕྱོགས་ཀྱི་མཛད་རིམ་ཁག་ལས། འཆར་ཅན་ལྟ་བུའི་ལོ་གསར་གྱི་སྐབས་རྒྱས་སྤྲོས་མི་བྱེད་རྒྱུ་མ་ཟད། ཚེས་གཅིག་གི་ཞོགས་པར་དགོན་དུ་བླ་མ་ཁག་མཇལ་ཞུ་སོགས་ཀྱང་གནང་འཆར་མེད་པ་བཅས། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧ རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ་ལྟར་ཞུ་རྒྱུ་ལགས་ན། དད་ལྡན་བོན་འབངས་ཡོངས་ནས་ཀྱང་དེ་བཞིན་ཐུགས་འཇག་ཡོང་བ་བཅས། ༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
ཕྱི་ལོ་༢༠༢༦ཟླ་༡ཚེས༡༠ཉིན།










