༸ གདན་ས་སྨན་རིའི་གླིང་དུ་རྣམ་རྒྱལ་ཁྲི་མཆོད་ཀྱི་འཕྲིན་ལས་དབུ་འཛུགས་གནང་བ།

༄༅། །སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བྱེ་བྲག་ཏུ་འཛམ་གླིང་ཡངས་བའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་རྒུད་པའི་ཚོགས་རྣམས་མྱུར་བར་ཞི་སྟེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ཁྱད་པར་དུ་རང་རེའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་།

གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་།

དད་ལྡན་ཡོན་བདག་ཡོངས་ཀྱི་ཚེ་རིང་ནད་མེད། དཔལ་འབྱོར་དང་བསོད་ནམས་ལོངས་སྤྱོད་ཀྱི་ཚོགས་བཅས་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ་དམིགས་ཏེ་གསལ་སྒྲགས་སྔོན་སོང་ལྟར་ ༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་བཀའ་དགོངས་འོག་

འདི་ག་ྋགཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས་བོད་མེ་ཕོ་རྟ་ལོའི་བོད་ཟླ་ ༠༤  ཚེས་ ༠༢  དང་  ༣  ཕྱི་ལོ་ ༢༠༢༦ཕྱི་ཟླ་ ༠༥ ཚེས་ ༡༨ དང་  ༡༩ ཏེ། ཉིན་གཉིས་ལ་༸གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་དང་གཡང་སྐྱབས་ཀྱི་གཏེར་བུམ་རྒྱས་འབུལ་གྱི་བཅའ་བཟོ་མཆོད་བཤམ་རྣམས་ལེགས་པར་བགྱིས་ཏེ། དེ་རིང་བོད་ཟླ་ ༤ དང་སྤྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་གཤེན་རབ་རྣམ་པར་རྒྱལ་བའི་བའི་ཆོག་གཞུང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་འཕྲིན་ལས་ཀྱི་རིམ་པ་དངོས་སུ་དབུ་འཛུགས་གནང་སོང་།

མཆོད་འབྲེལ་གནང་ཡུལ།

གྲྭ་ཚང་གཉེར་པ། དགེ་བཤེས་ཤེས་རབ་ཀུན་གསལ། whatsApp – +918219414465

གྲྭ་ཚང་གཉེར་པ། ཟླ་བ་བསྟན་འཛིན། WhatsApp – +9188940 65551

གཡུང་དྲུང་བོན་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས། ༢༠༢༦-༥-༢༠ ཉིན།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow