སྦྲ་ཆེན་ཁུལ་དུ་ས་ཡོམ་གྱི་གོད་ཆགས་བྱུང་བར་༸རྒྱལ་བ་སྨན་རི་བའི་ཐུགས་གསོའི་གསུང་འཕྲིན།

ཐུགས་གསོའི་གསུང་འཕྲིན།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༠།༣༠ ཡས་མས་སུ་ནག་ཆུ་སྦྲ་ ཆེན་རྫོང་ཁོངས་སུ་ས་ཡོམ་ཤུགས་ཆེན་བྱུང་སྟེ་མི་སེར་མང་པོར་སྲོག་སྐྱོན་དང་། མང་པོ་ཞིག་ལ་རྨས་སྐྱོན། མཁར་དངོས་ལ་གཏོར་བཤིག་སོགས་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཕོག་པའི་གནས་ཚུལ་ཐོས་པར་ངོས་རང་ བློ་འཚབ་ཆེན་པོ་བྱུང་།

སྤྱིར་འདུས་བྱས་ཐམས་ཅད་ལ་རྟག་བརྟན་ཅི་ཡང་མེད་ཅིང་། ལྷག་པར་དུ་རང་བྱུང་གི་གོད་ཆག་ནི་གང་གིས་ ཀྱང་ཟློག་ཏུ་མེད་པ་ཞིག་ཡིན་པས། དེས་ན་གོད་ཆག་འདིའི་འོག་ཏུ་རྐྱེན་ལམ་དུ་སོང་བའི་གཤིན་པོ་དག་ཐར་ པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་ཐེག་པ་ཆེན་པོའི་བསྔོ་སྨོན་ནན་ཏན་ཞུ་བཞིན་ཡོད་ལ།

དེ་བཞིན་རྨས་སྐྱོན་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་བསྐྱེད་འོང་བ་དང་། གནོད་འཚེ་ཕོག་པའི་སྦྲ་ཆེན་གྱི་ཡུལ་ མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཁྱེད་རྣམས་ཀྱིས་ཀྱང་སེམས་ཁྲལ་དང་མྱ་ངན་ཆེན་པོ་ མ་གནང་བར་ཀུན་གྱིས་སྒྲིབ་སྦྱོང་དགེ་རྩ་དང་གསོལ་འདེབས་སྨོན་ལམ་ལ་བརྩོན་པར་ཞུ། འདི་ག་༧གདན་ ས་སྨན་རིའི་གླིང་གི་དགེ་འདུན་མང་ཚོགས་ནས་འབྲེལ་ཡོད་གཤིན་པོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་རྒྱ་མི་ཆུང་ བ་ཞུ་བཞིན་ཡོད།

རང་བྱུང་གི་རྐྱེན་ངན་འདི་ཉིད་མྱུར་དུ་ཞི་ཞིང་། གནོད་སྐྱོན་ཐེབས་པའི་ས་ཁུལ་མང་ཚོགས་རྣམས་མྱུར་དུ་ བདེ་སྐྱིད་ཀྱི་འཚོ་བ་སླར་གསོ་ཐུབ་པའི་གསོལ་འདེབས་བཅས།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པས།
ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༣ ལ།

ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W