
ཉེ་ལམ་སྤྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༡༡ ཚེས་ ༣ བོད་མེ་རྟ་ལོའི་ཟླ་བ་དགུ་པའི་ཚེས་ཉི་ཤུ་བཞིའི་ཉིན། སྤུ་བླའི་ལྷ་མི་སྡེ་འབངས་ཀུན་གྱི་མགོན་སྐྱབས་དམ་པ་གསང་ཆེན་སྔགས་ཀྱི་རྣལ་འབྱོར་བ་ཁྱུང་ནག་བླ་མ་བསོད་ནམས་ཡེ་ཤེས་རིན་པོ་ཆེ་མཆོག་སྐུ་གཤེགས་པ་ཐོས་ཕྲལ་ངོས་རང་བློ་ཕམ་བྱུང༌། རིན་པོ་ཆེ་མཆོག་ནི་བསྟན་འགྲོ་སྤྱི་དང་ལྷག་པར་སྤུ་བླའི་སྡེ་དགོན་གཉིས་ལ་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་འདུག་པས། ད་ལན་གདུལ་བྱ་རྣམས་ལ་རྟག་འཛིན་ལྡོག་ཕྱིར་མི་རྟག་པའི་ཚུལ་བསྟན་པ་ནི་བསྟན་པ་སྤྱིའི་གྱོང་གུད་ལས་མ་འདས།
དེས་ན་སྤུ་བླ་དགོན་གྱི་མཁན་རིན་པོ་ཆེ་སྨན་རིའི་དགེ་བཤེས་ཁྱུང་ནག་མདོ་སྔགས་བཤད་སྒྲུབ་ཉི་མ་ མཆོག་དང་། སྨན་རིའི་བཤད་སྒྲུབ་མཁན་ཟུར་རྒན་གཤེན་བསྟན་རབ་གསལ་མཆོག ཡབ་གཞིས་སྐུ་ འཁོར་རྣམ་པ་གཙོས་ཕྱི་ནང་གཉིས་སུ་ཡོད་པའི་སྤུ་བླའི་སེར་སྐྱ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། སླད་ནས་ཀྱང་དམ་པ་ཁོང་གི་དགོངས་བཞེད་ཇི་བཞིན་ཕན་བདེའི་འབྱུང་གནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང༌། ཡུལ་སྡེ་རྣམས་འཆམ་མཐུན་ཐོག་རྣམ་དཀར་དགེ་བའི་བྱ་པར་གཞོལ་རྒྱུ་ནི་གལ་འགངས་ཆེ་བས་དེ་ལུགས་ཐུགས་ལ་འཛིན་རོགས་ཞུ།
ཕྱི་ལོ་ ༢༠༢༠༦ ཟླ་བ་ ༡༡ ཚེས་ ༠༦ ཉིན།
༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པས།











