

༸དཔལ་རྒྱལ་བ་སྨན་རིའི་བསླབ་གསུམ་འདུས་པ་རྒྱ་མཚོ་རྣམས་ཀྱི་དབུས་ལྷ་སྡེ་མི་སྡེ་ཡོངས་ཀྱི་སྙན་ལམ་དུ་
ཞུ་གསོལ།
ད་ལམ་ཕྱི་རྒྱལ་ཨུ་རུ་སུའི་སློབ་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་པའི་མངའ་བདག༸རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཚབ། རང་ཅག་བོན་འབངས་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་༸ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་བོད་མེ་རྟ་ལོའི་བོད་ཟླ་༠༩ ཚེས་༢༩ དང་། ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༠༨ ཉིན། ༸ཡི་དམ་སྟག་ལ་མེ་འབར་གྱི་བསྙེན་སྒྲུབ་དང་སྲུང་ཟློག་བསད་གསུམ་གྱི་སྤྱི་རིམ་ཆེན་མོ་ཉིན་མཐའ་མའི་ཞོགས་པ་༸གདན་ས་སྨན་རིའི་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་༸ཡི་དམ་སྟག་ལ་མེ་འབར་གྱི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་རྒྱུའི་ཞལ་བཞེས་ཐོབ་པ་ལགས་ན། དེས་ན་དད་པ་དང་དམ་ཚིག་འགྱུར་མེད་ཀྱི་བཀའ་དབང་ཟབ་མོ་ཞུ་བློ་ཡོད་རིགས་རྣམས་ནས་འདི་དོན་གལ་ཆེན་དོན་ཆེན་དུ་བརྩི་ནས་ངེས་ཕེབས་ཡོང་བར་ཐུགས་འཇག་འཚལ། ༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༠༡ ཉིན།











