སྦྲ་ཆེན་ས་ཁུལ་དུ་ས་ཡོམ་བརྒྱབ་པར་༧རྒྱལ་བ་སྨན་རི་ཚང་ནས་ཐུགས་སྨོན་དང་གདུང་སེམས་མཉམ་བསྐྱེད་གནང་བ།

ཁ་སང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོ་བོད་ནང་གི་དུས་ཚོད་བཅུ་དང་ཕྱེད་ཀ་ཡས་མས་སུ། ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་རྫོང་ཁོངས་རྫ་གསེབ་དང་། དམར་རུ། གོང་ཆེ་སོགས་གཙོར་བྱས་པའི་སྦྲ་ཆེན་གྱི་ས་ཁུལ་ཁག་དང་། དེ་བཞིན་ས་འབྲེལ་དུ་གཏོགས་པའི་རྫ་སྟོད་དང་། སོག་རྫོང་ཁོངས་ས་ཁུལ་འགའ་བཅས་ལ་འགུལ་ཚད་རིམ་པ་ ༧.༠ ཅན་གྱི་ས་ཡོམ་དྲག་པོ་བརྒྱབ་ནས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་ཐོས་མ་ཐག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་གནང་བར་མ་ཟད། འཕྲལ་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ་དང་།

དེ་རིང་སྟེ་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༣ ཉིན། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གི་གཉིས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་ཕེབས་ལྟར་གྲྭ་བཙུན་འདུས་མང་ཡོངས་ནས་གདུང་སེམས་མཉམ་བསྐྱེད་མཚོན་སླད་ཐོས་གྲོལ་མང་ཇ་ཚོགས་ཤིང་། ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མང་ཇ་དེ་དང་བསྟུན་ཏེ་འདུས་མང་ཡོངས་ལ་ཐུགས་སྨོན་གནང་རྟེན་དུ་སྐུ་འགྱེད་བསྩལ་གནང་མཛད་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W
གཡུང་དྲུང་བོན་གྱི་དྲྭ་རྒྱ།