རྩོམ་སྒྲིག་པ།
-
གསོན་གཤིན་སྤྱི་དང་བྱེ་བྲག་འབྲེལ་འཇོག་བྱུང་རིགས་ཀྱི་དགེ་རྩར་དམིགས་ཏེ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་གནས་སྦྱང་ཉི་ཟེར་ཞགས་པའི་བྱང་ཆེན་དང་གསུར་སྦྱིན་སོགས་གནང་བ།
ཞི་ཁྲོའི་ཚོགས་མཆོད་དང་། གནས་སྦྱང་ཉི་ཟེར་ཞགས་པའི་བྱང་ཆེན། ཚེ་འདས་བསུར་བསྔོ་སོགས་གནང་བའི་གནས་བསྡུས།
-
༸གདན་ས་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་ ༦ པའི་བགྲོ་གླེང་།
༸སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་ ༦ པའི་བགྲོ་གླེང་།
-
བོད་ཆུ་ཡོས་ལོའི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ་མཇུག་གྲུབ་པ།
བོད་ཆུ་ཡོས་ལོའི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ།
-
བོད་ཆུ་ཡོས་ལོའི་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་མཇུག་གྲུབ་པ།
བོད་ཆུ་ཡོས་ལོའི་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་འཇུག་གྲུབ་པ།
-
དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཆུ་ཡོས་སྤྱི་ལོ་ ༢༠༢༣ ལོའི་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་དབུ་འཛུགས་གནང་བ།
དེ་ཡང་འཆར་ཅན་ལྟར་བོད་ཟླ་ལྔ་པའི་ཚེས་ ༡༢ ནས་ཉིན་ལྔའི་རིང་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཀྱི་ཚོགས་རྣམས་ཉེ་བར་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཡངས་པའི་ཁམས་སུ་འབྱུང་བཞིས་གོད་ཆག་དང་། ནད་མུག་མཚོན་སོགས་མི་མཐུན་རྒུད་པའི་ཚོགས་ཐམས་ཅད་ཡོངས་སུ་ཞི་བ་དང་། དུས་བཞི་འབྱུང་བའི་ཁོད་ལག་ཡོངས་སུ་སྙོམས་ཏེ། ཆར་ཆུ་དུས་སུ་འབབ་ཞིང་ལོ་ཕྱུག་ལེགས་པར་འཕེལ་བའི་ཕྱིར། དཔལ་གཤེན་བསྟན་སྨན་རིའི་གླིང་དུ། གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་ཞེས། ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་ཚོགས་འཁོར་རྒྱས་འབུལ་དང་། དེ་བཞིན་མཁའ་ཀློང་གསང་བའི་མདོས་ཆེན། གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་རྒྱས་འབུལ། གདུགས་དཀར་སྟོང་ཟློག རྣམ་འཇོམས་སྟོང་ཟློག ཁྲོ་བོ་དམར་ཆེན་ཟློག་པ། ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ། ཀླུ་གཏོར་གཏོང་བ་དང་། གསེར་འོད་འདོན་པ་ལ་སོགས་གནད་སྨིན་གྱི་རིམ་གྲོ་དུ་མ་ཞིག། བཅའ་འདོན་གནང་སྲོལ་ཡོད་པ་བཞིན། འདི་ལོར་ཡང་བོད་ཟླ་ལྔ་པའི་བོད་ཚེས་ ༡༢ དང་ ༡༣ སྤྱི་ཟླ་ ༦ པའི་ཚེས་ ༣༠ དང་ ༧ པའི་ཚེས་ ༡ བཅས་ཉིན་གཉིས་ལ། སྒྲུབ་གཤེན་རྣམ་པས་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་ཚོགས་ཁང་དུ་ཡི་དམ་བོན་སྐྱོང་སྲུང་མ་དང། མགྲོན་བཞིའི་སྡེ་ཚོགས་མ་ཚང་བ་མེད་པ། སྟེང་ཕྱོགས་བོན་ཉིད་ཁྱུང་ཆེན་གྱིས་མཚོན་པའིབཀོད་པ་དང་། བང་རིམ་བཞི་ལྡན་ཁོང་གསེང་དང་བཅས་པའི་ཚངས་རྒྱུངས་འཇིག་རྟེན་གྱི་བཀོད་པ་བཞེངས་སྐྲུན་ལ། ནམ་རྒྱང་ཤིང་རིས་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་ཀློང་གསང་བའི་མདོས་ཆེན་བཅའ་གཞི་དང་། ཁྲོ་བོ་དམར་ཆེན་ཟློག་པའི་བཅའ་བཤོམ་ལེགས་པར་གྲུབ་རྗེས། ཚོགས་གྲལ་ཕྱོགས་གཉིས་སུ་ཕྱེས་ཏེ། དབུ་མཛད་རྣམ་པ་གཉིས་དང་དབུ་བཞུགས་དགེ་བཤེས་དབུས་སྒྲུབ་གཤེན་རྣམ་ཀྱིས་མཁའ་ཀློང་གསང་བའི་མདོས་ཆེན་དང་། ཁྲོ་བོ་དམར་ཆེན་གྱི་ཟློག་པའི་གཞུང་བསྲང་རྒྱུ་ཡིན་འདུག་པ་དང་། ཕྱོགས་མཚུངས་འདིི་ཟླའི་བོད་ཚེས་ ༡༤ ནས་ཉིན་གསུམ་གྱི་རིང་སྨན་རིའི་གཙུག་ལག་ཁང་ཆེན་མོར་དགེ་འདུན་མང་ཚོགས་ཀྱིས་ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་གཞུང་བསྲང་སྟེ་གདངས་དབྱངས་འབྲུག་མོ་ལྡིར་བའི་དབྱངས་རྟ་ལ་དྲངས་པའི་ཚོགས་འཁོར་རྒྱས་འབུལ་དང་། སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་རྣམ་རྒྱལ་ལྷ་ཁང་དུའང་བོད་ཟླ་ལྔ་པའི་བོད་ཚེས་ ༡༢ དང་སྤྱི་ཟླ་ ༦ པའི་ཚེས་ ༣༠ ཉིན། གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་ཀྱི་མཆོད་ཚོགས་ཀྱི་བཅའ་བཤམས་ལེགས་པར་བགྱིས་ཏེ།…
-
གདན་ས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདུས་སྤྱི་ནས་ཞིང་གཤེགས་དམ་པ་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་མང་ཇ་དང་། ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་འཚམ་འཕྲིན་བསྩལ་གནང་བ།
གདན་ས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདུས་སྤྱི་ནས་ཞིང་གཤེགས་དམ་པ་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་མང་ཇ་དང་། ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་འཚམ་འཕྲིན་བསྩལ་གནང་ཡོད་པ་རེད།
-
༸གདན་ས་སྨན་རིའི་གླིང་གི་བོད་ཟླ་ ༤ པའི་༸རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་གྲུབ་པ།
༸གདན་ས་སྨན་རིའི་གླིང་གི་བོད་ཟླ་ ༤ པའི་༸རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་གྲུབ་པ།
-
གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་བཞི་པའི་སྨན་པ་དཀའ་བཅུ་པའི་ཐོན་རྒྱུགས་དང་། ལོ་རིམ་གཞན་པ་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་མཇུག་གྲུབ་པ།
གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་ ༤ པའི་སློབ་ཐོན་པ་རྣམས་ཀྱི་ཐོན་རྒྱུགས་དང་། ལོ་རིམ་གཞན་པའི་ལོ་འཁོར་ཡིག་རྒྱུགས།