རྩོམ་སྒྲིག་པ།
-

སྐབས་ ༤༥ པ་དང་ ༤༦ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་གསར་རྙིང་གི་འཕོ་འགྱུར་གྱི་ཚོགས་འདུ་དང་ལས་ཁུར་དབུ་འཛུགས
དེ་རིང་བོད་ཤིང་སྦྲུལ་ལོའི་བོད་ཟླ་བདུན་པའི་ཚེས་པ་ ༢༩ དང་སྤྱི་ལོ་ ༢༠༢༥ ཟླ་བ་ ༩ པའི་ཚེས་པ་ ༢༠ ཉིན་གྱི་ཕྱི་དྲོར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༥ པའི་གཡུང་དྲུང་བོན་གྱ་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་ལས་ཡུན་གཙང་རྗེས་སྐབས་ ༤༦པའི་རྒྱུན་ལས་ཀྱིས་རྩིས་ལེན་དང་། ལས་ཁུར་དབུ་འཛུགས་གནང་ཡོད་པ་རེད།
-

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་པོ་ ༨ འཁོར་བའི་དུས་མཆོད་ཆེན་མོ་འཚོགས་པ།
སྤྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ དང ༡༥ བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༧ པའི་ཚེས་པ་ ༢༢ དང་ ༢༤ ཉིན་གཉིས་ཀྱི་རིང་༸གདན་ས་སྨན་རིའི་གླིང་དང་བཙུན་དགོན་རདྣ་སྨན་གླིང་བོན་གཞིས་ཉིན་སློབ་སོགས་སུ་༸ཞིང་བཤེགས་དམ་པ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་འདས་མཆོད་ཆེན་མོ་འཚོགས་གནང་ཡོད་པ་དང་་
-

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་བཞི་པ་དང་ལྔ་པའི་སྨན་པ་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་དགའ་སྟོན་མཛད་སྒོ།
དེ་རིང་སྤྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༥ བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༧ པའི་ཚེས ༢༤ ཞིང་གཤེགས་དམ་པ་༸སྐྱབས་རྗེ་རྒྱལ་བ་སྨ་རིའི་ཁྲི་འཛིན་ ༣༣ པ་རིན་པོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ ༨ འཁོར་བའི་འདས་མཆོད་ཉིན། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་སྐབས་བཞི་པ་དང་ལྔ་པའི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་དགའ་སྟོན་མཛད་སྒོ་འཚོགས་གནང་སོང་།
-

༸སྨན་རིའི་དགེ་བཤེས་རྔ་ཟ་ཚང་ཁྱུང་གསས་འཕྲིན་ལས་མཆོག་བླ་མར་ཁྲི་བཞེངས་གནང་བ།
བྱང་ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སིའི་གཡུང་དྲུང་བོན་སྲི་ཞུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ས་གནས་དེའི་དད་ལྡན་བོན་འབངས་ཐུན་མོང་ནས་༧རྒྱལ་བ་སྨན་རིའི་བླ་བྲང་དུ་རེ་བསྐུལ་ཞུས་དོན་བཞིན། རྩ་བའི་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་ ༣༣ པ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ལོ་བརྒྱད་འཁོར་བའི་འདས་མཆོད་ཉིན་སྨན་རིའི་དགེ་བཤེས་རྔ་ཟ་ཚང་ཁྱུང་གསས་འཕྲིན་ལས་མཆོག་་བླ་མར་ཁྲི་བཞེངས་མངའ་གསོལ་གནང་སོང་།
-

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༩ པ། བོད་ཟླ་བདུན་པ།
དེ་རིང་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༩ ཚེས་ ༨ ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༩ འཚོགས་གནང་ཡོད་ཅིང་། དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་བཤད་སྡེའི་མཚན་ཉིད་དགེ་རྒན་རྣམ་པ་དང་ དགེ་བཤེས སློབ་གཉེར་བ་ཚང་འཛོམས་ཐོག
-

༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་༸དཔལ་ལྡན་ཁྲི་བརྟན་ནོར་རྩེར་མཉམ་མེད་བླ་སྒྲུབ་ཀྱི་བཀའ་དབང་གནང་བ།
སྐུ་གདུང་ཞུགས་འབུལ་གྱི་མཛད་རིམ་རྣམས་མཇུགས་ལེགས་པར་གྲུབ་པའི་ཕྱི་ཉིན་ཏེ་ བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༦ པའི་ཚེས་ ༡༧ ཉིན་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གྲྭ་ཚང་གི་གོ་སྒྲིག་འོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་༧རྗེ་མཉམ་མེད་བླ་སྒྲུབ་ཀྱི་བཀའ་དབང་གནང་བ།
-

ཞིང་གཤེགས་དམ་པ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་ཀུན་རིགས་ལས་བཞིན་རྒྱུན་ལྔའི་མཆོད་འབུལ་ཡོངས་སུ་གྲུབ་པ།
རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུངས་གྲངས་བརྒྱ་ཧྲིལ་བོར་བཞེས་ནས་རེ་ཞིག་སྤྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་པ་ ༡༢ ཞོགས་པར་གནས་མཆོག་བྱ་མ་རི་ཁྲིད་དུ་གདུལ་བྱའི་སྣང་ངོར་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་དགུང་ཞག་ཞེ་དགུ་ཡོངས་སུ་མཇུག་གྲུབ་པའི་རྗེས་༸དཔལ་ལྡན་ཁྲི་བརྟན་ནོར་རྩེར་གདུང་ཀློང་གཉིས་ཀྱི་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་པ་ལྔ་སྐོར་གཉིས་ཀྱི་སྒོ་ནས་སྐུ་གདུང་ཞུགས་འབུལ་གྱི་མཛད་རིམ་
-

བདེ་བར་གཤེགས་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་གདུང་ཞུགས་འབུལ།
ཞིང་གཤེགས་དམ་པ་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་ཉིན་རྒྱུན་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་གཞི་རང་འབྱུང་ཡེ་ཤེས་མཉམ་བཞེས་ཀྱིས་ལུས་སེམས་སྔར་ལས་སྐྱིད་པོ་ཕེབས་པའི་གསུང་གླེང་སོགས་མི་མང་རྣམས་ལ་བོད་དབྱིན་སྐད་གཉིས་ཀྱི་སྟེང་ནས་གསལ་བཤད་ཕྲ་ཞིབ་ཏུ་ཞུས་ཡོད་པ་དང་།
-

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཞིང་གཤེགས་དམ་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་ཀུན་རིགས་ལས་བཞི་རྒྱུན་ལྔའི་འཕྲིན་ལས་ཀྱི་དབུ་བཞུགས་སུ་དཔལ་ལྡན་༧ཁྲི་བརྟན་ནོར་བུའི་རྩེར་ཆེད་ཕེབས་གནང་བ།
༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཞིང་གཤེགས་དམ་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་མེ་སྤར་བླ་མ་དང་ཀུན་རིགས་ལས་བཞི་རྒྱུན་ལྔའི་འཕྲིན་ལས་ཀྱི་དབུ་བཞུགས་སུ་ཆེད་ཕེབས་གནང་ཡོད་པ་དང་། དེ་ཡང་
-

༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨ་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡི་དམ་དབལ་ཆེན་གེ་ཁོད་གསང་བ་དྲག་ཆེན་གྱི་བཀའ་དབང་བསྩལ་བ།
དེ་རིང་སྤྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༧ ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨ་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུལ་ཁང་ཆེན་མོར་དད་ལྡན་སེར་སྐྱ་མི་མང་ལ་ཡི་དམ་དབལ་ཆེན་གེ་ཁོད་གསང་བ་དྲག་ཆེན་གྱི་བཀའ་དབང་བསྕལ་གནང་བ།










