རྩོམ་སྒྲིག་པ།
-

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཨ་རིའི་ས་གནས་ཁག་ཅིག་ཏུ་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཆིབས་སྒྱུར་བསྐྱངས་པ།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཨ་རིའི་ས་གནས་ཁག་ཅིག་ཏུ་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཆིབས་སྒྱུར་བསྐྱངས་པ།
-

༸གདན་ས་སྨན་རིའི་གླིང་གི་བོད་ཤིང་སྦྲུལ་ ༢༠༢༥ ལོའི་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས།
གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་སྦྲུལ་ལོའི་བོད་ཟླ་དགུ་པའི་ཆེས་པ་ ༡ སྤྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༢ ནས་༸གདན་ས་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་སུ་བོད་ཤིང་སྦྲུལ་ལོའི་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་།
-

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༠ པ། བོད་ཟླ་བརྒྱད་པ།
གཡུང་དྲུང་བོབ་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་སྦྲུལ་ལོའི་བོད་ཟླ་བརྒྱད་པའི་བགྲོ་གླེང་དེ་ཉིད་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུ་བཞུགས་འཚོགས་ཡོད་པ་དང་། བགྲོ་གླེང་གཏམ་བཤད་པ་བཀའ་རམས་པ་ངག་དབང་ཤེས་རབ་དང་། སློབ་གཉེར་བ་མཁས་གྲུབ་རིན་ཆེན། གནམ་གང་ཚེ་རིང་གསུམ་གྱིས་སོ་སོའི་བརྗོད་གཞིའི་ཐོག་སྐར་མ་བཅོ་ལྔ་གཏམ་བཤད་དང་སྐར་མ་བཅོ་ལྔར་དྲི་བ་དྲིས་ལན་
-

ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་༸གདན་ས་སྨན་རིའི་གླིང་དུ་ྋགསང་སྔགས་མ་རྒྱུད་ཀྱི་བཀའ་དབང་ཟབ་མོ་བསྩལ་གནང་བ།
༸ཞྭ་དཀར་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ལ་༸སྨན་རིའི་གྲྭ་ཚང་དང་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། དེ་བཞིན་ཕྱི་གླིང་གི་སློབ་ཚོགས་འགའ་ཞིག་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཞལ་བཞེས་བཀའ་དྲིན་བསྐྱངས་གནང་སྟེ། སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ཚེས་ ༠༥ ནས་ ༠༨ བར་དང་། བོད་ཤིང་སྦྲུལ་ལོའི་བོད་ཟླ་བརྒྱད་པའི་ཚེས་ ༡༣ ནས་ ༡༦ བར་ཏེ་ཉིན་བཞིའི་རིང་དད་ལྡན་སེར་སྐྱ་མི་མང་ལ། གསང་སྔགས་མ་རྒྱུད་ཀྱི་བཀའ་དབང་བསྩལ་གནང་མཛད་
-

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ནས་འཇམ་དགོན་རྒྱལ་བའི་རྒྱལ་ཚབ༧སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་ ༡༠༤ པ་མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་འཕྲིན་ཡིག་བསྩལ་བ།
༄༅། །ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༥༥ ཙམ་ལ་༧འཇམ་དགོན་རྒྱལ་བའི་རྒྱལ་ཚབ་ཞྭ་སེར་བསྟན་པའི་མངའ་བདག ༧སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཐམ་པ་ལ་ཕེབས་པའི་ཐོག རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཁྲི་ཟུར་རིན་པོ་ཆེའི་གཟིམ་ཆུང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པས་ཧ་ཅང་གི་བློ་ཕམ་བྱུང་། ཡིན་ནའང་། མཛད་བསྟོད་ལས། རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །རྟག་པ་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། གདུལ་བྱ་རྣམས་ཀྱི་རྟག་འཛིན་ལྡོག་པའི་ཕྱིར། རེ་ཞིག་མྱ་ངན་འདས་ཚུལ་བསྟན་པས། དེ་ཕྱིར་རྗེས་འཇུག་བུ་སློབ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཞིང་གཤེགས་དམ་པ་གང་གི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཕྱིར། ཁོང་གི་ལམ་སྟོན་གྱི་གདམ་ངག་རྣམས་ཡིད་ལ་དྲན་པའི་ཐོག་ནས་ཕྱག་ལེན་ལ་ཁེལ་ཐུབ་པ་བྱ་རྒྱུ་ནི་ཐུགས་དགོངས་རྫོགས་པའི་མཆོད་པ་ཡག་ཤོས་ཡིན་པ་ལ་ངོས་འཛིན་དང་བཅས། ༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་ཀྱིས། …
-

༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་མོ་སྦྲུལ་ལོའི་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པ།
སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མོ་བོ་ཀུན་ལས་རྣམ་པ་རྒྱལ་བ་མཆོག་ཉིད་སྐུ་སྐྱེ་བ་མི་རུ་བཞེས་ནས། མི་ལོ་ ༡༨༠༤༢ འདས་པའི་བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༨ པའི་ཚེས་པ་ ༡ ནས་ ༧ བར་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་སུ་མང་འདུས་སེམས་འདུལ་བ་འཛིན་པའི་འདུས་མང་ཡོངས་ནས་རྒྱལ་བ་གོང་མའི་ཕྱག་སྲོལ་ཇི་བཞིན་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་ཡོད་པ་རེད།
-

༸གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་གསང་སྔགས་མ་རྒྱུད་དང་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ཀྱི་ལྗགས་ལུང་བསྩལ་གནང་བ།
༸གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའ་ཚོགས་ཁང་དུ། སྨན་རིའི་དགེ་བཤེས་རྣམ་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ། གཞི་རིམ་སློབ་མ་བཅས་ཡོངས་ལ། གསང་སྔགས་མ་རྒྱུད་དང་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ཀྱི་ལྗགས་ལུང་བསྩལ་གནང་བ།
-

སྐབས་ ༤༥ པ་དང་ ༤༦ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་གསར་རྙིང་གི་འཕོ་འགྱུར་གྱི་ཚོགས་འདུ་དང་ལས་ཁུར་དབུ་འཛུགས
དེ་རིང་བོད་ཤིང་སྦྲུལ་ལོའི་བོད་ཟླ་བདུན་པའི་ཚེས་པ་ ༢༩ དང་སྤྱི་ལོ་ ༢༠༢༥ ཟླ་བ་ ༩ པའི་ཚེས་པ་ ༢༠ ཉིན་གྱི་ཕྱི་དྲོར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༥ པའི་གཡུང་དྲུང་བོན་གྱ་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་ལས་ཡུན་གཙང་རྗེས་སྐབས་ ༤༦པའི་རྒྱུན་ལས་ཀྱིས་རྩིས་ལེན་དང་། ལས་ཁུར་དབུ་འཛུགས་གནང་ཡོད་པ་རེད།
-

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་པོ་ ༨ འཁོར་བའི་དུས་མཆོད་ཆེན་མོ་འཚོགས་པ།
སྤྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ དང ༡༥ བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༧ པའི་ཚེས་པ་ ༢༢ དང་ ༢༤ ཉིན་གཉིས་ཀྱི་རིང་༸གདན་ས་སྨན་རིའི་གླིང་དང་བཙུན་དགོན་རདྣ་སྨན་གླིང་བོན་གཞིས་ཉིན་སློབ་སོགས་སུ་༸ཞིང་བཤེགས་དམ་པ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་འདས་མཆོད་ཆེན་མོ་འཚོགས་གནང་ཡོད་པ་དང་་
-

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་བཞི་པ་དང་ལྔ་པའི་སྨན་པ་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་དགའ་སྟོན་མཛད་སྒོ།
དེ་རིང་སྤྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༥ བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༧ པའི་ཚེས ༢༤ ཞིང་གཤེགས་དམ་པ་༸སྐྱབས་རྗེ་རྒྱལ་བ་སྨ་རིའི་ཁྲི་འཛིན་ ༣༣ པ་རིན་པོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ ༨ འཁོར་བའི་འདས་མཆོད་ཉིན། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་སྐབས་བཞི་པ་དང་ལྔ་པའི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་དགའ་སྟོན་མཛད་སྒོ་འཚོགས་གནང་སོང་།










