སྨན་རིའི་གླིང་།
-

༸གདན་ས་སྨན་རིའི་གླིང་གི་བོད་ཤིང་འབྲུག་ལོའི་ལོའཁོར་ཡིག་རྒྱུགས་ཆེན་མོ་མཇུག་གྲུབ་པ།
གཤེན་གྱི་འབྱུང་ལྡན་ ༣༠༡ ཤིང་འབྲུག་ལོའི་བོད་ཟླ་༡༡ པའི་ཚེས ༡༧ དང་སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡ པོའི་ཚེས་ ༡༥ དང་ ༡༦ ལ་༸གདན་ས་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རཏྣ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ་བཅས་ཀྱི་འཛིན་གྲྭ་སོ་སོའི་སྐབས་བབ་སྦྱོང་བྱའི་གཞུང་འགྲེལ་གཉིས་དང་། དེ་བཞིན་སྨན་རིའི་གཞི་རིམ་སློབ་ཕྲུག་རྣམས་ཀྱིས་འཛིན་གྲྭ་སོ་སོའོ་སློབ་ཚན་བཅས་ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཏང་གནང་སོང་
-

ས་ཡོམ་གྱི་གོད་ཆགས་བྱུང་བར་༸གདན་ས་སྨན་རིའི་གླིང་ནས་སྨོན་ལམ་དང་བྱང་བུ་སོགས་གསུང་པ།
་ཆར་སྤྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས ༧ ཉིན་མཐོ་སྒང་བོད་གངས་ཅན་ལྗོངས་གཞིས་རྩེ་ས་ཁུལ་ལ་སྟོད་དིང་རི་རྫོང་དང་། ལྷ་རྕེ་རྫོང་སོགས་ས་གནས་ཁག་མང་པོ་ཞིག་ལ་ས་ཡོམ་གྱི་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་གདན་ས་སྨན་རིའི་གླིང་ནས་སྨོན་དང་བྱང་བུ་གསུང་གནང་ཡོད་པ་རེད།
-

༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་འདས་མཆོད་འཚོགས་པ།
༸གདན་ས་སྨན་རིའི་གླིང་དུ་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ལོ་ ༡༦༠ འཁོར་བའི་འདས་མཆོད་ ༢༠༢༥ ཟླ་ ༡ ཚེས་ ༦ དང་ ༧ ལ་འཚོགས་གནང་སོང་།
-

༸སྨན་རིའི་དགེ་བཤེས་མཁའ་སྣ་དྲང་སྲོང་ཟླ་བ་རྣམ་རྒྱལ་མཆོག་བལ་ཡུལ་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་ཀྱི་བླ་མར་ཁྲི་བཞེངས།
བལ་ཡུལ་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་ནས་༧ རྒྱལ་བ་སྨན་རིའི་བླ་བྲང་ལ་སྨན་རིའི་དགེ་བཤེས་མཁའ་སྣ་དྲང་སྲོང་སྐལ་བཟང་ཟླ་བ་རྣམ་རྒྱལ་མཆོག་བླ་མ་ཁྲི་བཞེངས་གནང་རྒྱུའི་གསོལ་འདེབས་རེ་བསྐུལ་འབྱོར་བར་ཞལ་བཞེས
-

༸བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་སྤྱི་ལོ་ ༢༠༢༥ ལོའི་ལོ་སར་གྱི་བསང་གསོལ།
དེ་རིང་སྟོང་ལོ་ ༢༠༢༥ ཟླ་དང་པོའི་ཚེས་ ༡ སྟེ་སྤྱི་ལོ་ ༢༠༢༥ གསར་དུ་བཞད་པའི་དུས་ཚེས་ཉིན་བོན་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་བོན་སྐྱོང་སྤྱི་ཡི་བསང་གསོལ་བཏང་གནང་སོང་།
-

གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་སྟོན་པའི་འདས་མཆོད་འཚོགས་པ།
༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་༸སྟོན་པའི་འདས་མཆོད་འཚོགས་པ་གནང་བ་དང་། དུས་ཚེས་ཁྱད་པར་ཅན་དང་འབྲེལ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་གྲྭ་བཙུན་གསར་ཞུགས་པ་འགའ་ལ་ཚེ་རིག་སྐྲ་ཕུད་བཞེས་ཤིང་རྟེན་འབྲེལ་མིང་བཏགས་གནང་བ་
-

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༥ པ་འཚོགས་པ། བོད་ཟླ་བཅུ་པ།
བོད་ཟླ་ ༡༠ པའི་ ༢ ཉིན་༸ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་དང་བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་དང་བཅས་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡༠ པའི་བགྲོ་གླེང་
-

༸གདན་ས་སྨན་རིའི་གླིང་དུ་སྐབས་ ༢༦ པའི་གཡས་རུའི་འཆད་རྩོད་ཆེན་མོ་མཇུག་ལེགས་པར་གྲུབ་པ།
༸གདན་ས་སྨན་རིའི་གླིང་དང་དང་བཙུན་དགོན་རཏྣ་སྨན་གླིང་དུ་སྤྱི་ལོ་ ༢༠༢༤ བོད་ཤིང་འབྲུག་ལོའི་གཡས་རུའི་འཆད་རྩོད་ཆེན་མོ་མཇུག་གྲུབ་ཡོད་པ་རེད་འདུག
-

༸གདན་ས་སྨན་རིའི་གླིང་དུ་སྐབས་ ༢༦ པའི་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་གནང་བ།
ལོ་རེའི་བོད་ཟླ་དགུ་པར་“ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་”ཀྱི་གཞུང་དོན་ལ་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ནས་དམིགས་བསལ་འཆད་རྩོད་གནང་སྲོལ་ཡོད་པ་བཞིན།འདི་ལོ་སྟེ་དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ ཁྲོ་མོ་ཞེས་པ་བོད་ཤིང་འབྲུག་ལོའི་བོད་ཟླ་ ༩ པའི་ཚེས་གཅིག་སྤྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢ ཉིན་སྐབས་༢༥ པའི་གཡས་རུའི་འཆད་བརྩོད་ཆེན་མོ་དབུ་གནང་སོང་།
-

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༤ པ་འཚོགས་པ། བོད་ཟླ་བརྒྱད་པ།
དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༤ ཟླ་ ༡༠ པའི་སྤྱི་ཚེས་ ༡༢ དང་། བོད་ཟླ་ ༨ པ་ཕྱི་མའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥:༣༠ པའི་ཐོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་་དབུ་བཞུགས་ཐོག བཤད་སྒྲུབ་མཁན་སློབ་གཉིས་རྣམ་པ་གཉིས་དང་བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་དང་བཅས་བཤད་སྒྲུབ་འདུས་སྡེའི་བོད་ཤིང་འབྲུག་ལོའི་བོད་ཟླ་ ༨ པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།










