བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་༢༠༢༠ལོར་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཚོགས་རྒྱུ་ཡིན་པའི་གསལ་བརྡ།
༄༅།། མཁས་པའི་བྱ་བ་གསུམ་གྱིས་གཤེན་བསྟན་ཉིན་མོར་བྱེད་པའི་སྐྱེས་བུ་ཆེན་པོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་སྙན་པའི་གྲགས་པ་དཀར་པོ་སྲིད་ན་འབར་བ་གང་དེའི་དད་འབངས་སམ། རྒྱལ་ཕྱི་ནང་གང་སར་བཞུགས་པའི་ཞྭ་དཀར་བོན་གྱི་ལུགས་འཛིན་རྒྱ་ཆེའི་དད་ལྡན་པ་ཡོངས་ཀྱི་སྙན་དབང་དུ་ཞུ་རྒྱུར།