གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག་གི་མཛད་འཕྲིན།

10257916_719122141459896_5333681885815774917_o༢༠༡༤ ཕྱི་ཟླ་ ༥ ཚེས་༥ ཉིན་ལྡི་ལི་ནས་མ་སི་ཀོའོ་ཝར༼MOSCOW ༽་ལ་ཕེབས་ཡོད་པ་དང་།  ཕྱི་ཚེས་༦ ནས་༩ མོ་སི་ཀོ་ཝ་༼MOSCOW༽རུ་མི་བརྒྱ་ལྷག་ཙམ་ལ་བོན་གྱི་སྐོར་ངོ་སྤྲོད་དང་། བོན་ཐེག་པ་རིམ་དགུ་ལས་གཙོ་བོ་རྒྱུ་ཐེག་བཞི་ཡི་སྐོར་དང་། ཁོང་ཚོའི་རེ་འདོད་ལྟར་ཚེ་གཡང་ཁ་སྤྲོད་ཀྱི་ཞབས་བརྟན་གང་དགོས་རྣམས་མཛད།

ཕྱི་ཚེས་༡༠ནས་༡༨་བར་ཀུན་བཟང་སྒར་༼KUNSANGAR༽སུང་ནས་སློབ་མ་བརྒྱ་ལྷག་ཙམ་ལས་གསར་པ་རྣམས་ལ་སྔོན་འགྲོ་དང་དེ་ལས་རྒན་པ་རྣམས་ལ་ཞི་གནས་ཨ་གཏད་བལྟ་བ་དང་སེམས་བཙལ་ལུགས་དང་། སེམས་ཀྱི་ངོ་སྤྲོད་པ་སོགས་གང་འོས་རྣམས་བྱས་ཤིང་། སློབ་བུ་རྒན་གྲས་རྣམས་ལ་སྔར་ལོར་ཁྲིད་འཕྲོ་རྫོགས་ཆེན་སྐོར་མུ་མཐུད་ཁྲིད་ནས་སློབ་མ་རྣམས་ཉིན་བསྟར་ཐུན་བཞིའི་ཉམས་ལེན་དང་མ་བྲལ་བར་མཛད་གནང་།

ཕྱི་ཚེས་༡༨་དགོང་མོར་སླར་ཡང་མ་སི་ཀོ་ཝར་༼MOSCOW༽ཕེབས། ཕྱི་ཚེས་༡༩ དང་༢༠ གཉིས་ལ་མ་སུ་ཀོ་ཝ་༼MOSCOW༽རུ་སློབ་མ་མང་པོས་རེ་བསྐུལ་ལྟར་སོ་སོར་དཀའ་ངལ་གང་ཡོད་སེལ་ཐབས་དང་། དེ་བཞིན་རྒྱུན་དུ་ཀུན་སློང་འཛིན་སྟངས་ཉམས་ལེན་ལ་འབད་བརྩོན་བྱེད་ནས་མི་ཚེ་འདི་དོན་སྙིང་ལྡན་པ་ཞིག་ཇི་ལྟར་དགོས་མིན་སོགས་ཀྱི་སྐོར་ལ་དྲི་བ་ལན་འདེབས་བྱས།

DSC03475ཕྱིི་ཟླ་༥ ཚེས་༢༡ ཉིན་མཁའ་ལམ་བརྒྱུད་ནས་ཀི་རག་སི་ན་དྷར་༼KRASNADAR༽དང་མུ་ཟི་མ་ཡེ་༼MEZMAI༽སོགས་སུ་ཕྱི་ཟླ་༦་ཕྱི་ ཚེས་༡༡བར་དུ་ཐུན་བཞི་སོགས་ཉམས་ལེན་དང་འབྲེལ་སྔོན་འགྲོའི་སྐོར་དང་། རྫོགས་ཆེན་སྐོར་གང་འཐུས་ཀྱི་དཔེ་ཁྲིད་ དང་། དེ་བཞིན་སློབ་མ་ཁག་གི་ནང་དུ་ཁྲུས་གསོལ་དང་རབ་གནས་སོགས་སོ་སོའི་འདོད་མོས་ལྟར་མཛད།

ཕྱི་ ཟླ་༦ ཚེས་༡༡ དགོང་མོར་སླར་ཡང་མཁའ་ལམ་བརྒྱུད་ནས་མ་སི་ཀོ་ཝར་༼MOSCOW༽ཕེབས་ཡོད་པ་དང་། ཕྱི་ཚེས་༡༣ ནས་༡༦བར་མ་སི་ཀོ་ཝ་༼MOSCOW༽རུ་སློབ་མ་རྣམས་ཀྱིས་རེ་བསྐུལ་ལྟར་ཞང་ཞུང་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་ཀྱི་མན་ངག་ལེའུ་བཅུ་གཉིས་པ་ལས། དབང་པོ་ཐ་མ་རྣམས་ལ་རིམ་གྱི་ཁྲིད་ལུགས་བསྟན་པའི་ལེའུ་བར་དུ་ཁྲིད། དེ་ནས་ཕྱི་ཚེས་༡༨བར་སློབ་མ་རྣམས་ལས་མི་སྒེར་སོ་སོར་བཅར་མཁན་རྣམས་ལ་གོང་ལྟར་དྲི་བ་ལན་འདེབས་དང་འབྲེལ་བའི་བསླབ་བྱ་སོགས་གང་དགོས་བྱས།

ཕྱི་ཚེས་༡༩ནས་མཁའ་ལམ་རྒྱུད་ནས་བྷི་རན་སི་ཀི་༼BRYANSK༽སུང་ནས་དེར་ཕྱི་ཚེས་༢༡ སློབ་མ་བརྒྱ་ལྷག་ཙམ་ལ་བོན་གྱི་ངོ་སྤྲོད་དང་དེ་བཞིན་ཐེག་པ་རིམ་དགུ་སྐོར་རོབ་ཙམ་དང། སྔོན་འགྲོའི་ལུང་དང་ཁྲིད་དེ་བཞིན་ཐུན་མོང་ཕྱི་ཡི་སྔོན་འགྲོ་བཞི་ལས། ལས་རྒྱུ་འབྲས་ཀྱི་ཁྲིད་སོགས་གང་ཐུབ་ཁྲིད། དེར་བསྡད་ཚེ་ཐུན་བཞིའི་ཉམས་ལེན་སོགས་ཉིན་བསྟར་མཛད་ནས། མ་འོངས་པར་བདུན་ཕྲག་རེ་ཉིན་རེ་དེ་ལྟར་བྱ་རྒྱུའི་ཁས་ལེན་བྱས་སོང་ལ། དེར་ཡང་སློབ་མ་ཚོས་འདོད་མོས་ལྟར་ཚེ་གཡང་ཁ་སྤྲོད་ཀྱི་ཞབས་རིམ་སོགས་ཀྱང་བྱས།

ཡང་ཕྱི་ཚེས་༢༣ཉིན་མཁའ་ལམ་རྒྱུད་ཡོ་རོབ་གླ་ཏེ་ཝེ་ཡའི་ ༼LATVIA༽རྒྱལ་ས་རིས་དགའ་༼RIGA༽ལ་འབྱོར་ནས་ཕྱི་ཚེས་༣༠བར་རྒྱལ་ས་རིས་དགའ་༼ RIGA༽དང་། ཡུ་མ་ལ་༼YUMALA༽སོགས་སུ་སློབ་མ་བརྒྱ་དང་གསུམ་ཙམ་ལ་སྔོན་འགྲོའི་ཁྲིད་ལུང་དང་། དེ་བཞིན་ལས་རྒྱུ་འབྲས་སོགས་ཀྱི་སྐོར་ཁྲིད་ནས། དེར་ཡང་སློབ་མའི་འདོད་མོས་ལྟར་ཚེ་གཡང་ཁ་སྤྲོད་སོགས་ཞབས་བརྟན་ཀྱང་བྱས། ཚེས་༣༠་ཉིན་གྱི་དགོང་མོ་རིས་དགའ་༼RIGA༽ནས་མཁའ་ལམ་རྒྱུད་མ་ སི་ཀོ་ཝར་ ༼MOSCOW༽ཕེབས།

དེ་ནས་ཕྱི་ཟླ་༧་ཚེས་༡ཉིན་ཐུགས་ངལ་གསོ་གནང་བ་དང་ཕྱི་ཚེས་༢ཉིན་གྱི་ཕྱི་དྲོར་མོ་སི་ཀོ་ཝ་༼MOCOW༽ནས་མཁའ་ལམ་བརྒྱུད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༼DELHI༽ཕྱི་ཚེས་༣་ ཉིན་གྱི་ཞོགས་པ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་༥་ཉིན་རང་དགོན་གདན་ས་ཆེན་མོ་༧དཔལ་གཤེན་སྨན་རིའི་གླིང་དུ་ཞབས་སོར་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།