གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཉིན་དྲུག་པའི་གནད་བསྡུས།

imageimage

ཕྱི་ཟླ་༦པའི་ཚེས་༡༣ཉིན་དྲུག་པའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྨན་རིའི་དཔེ་མཛོད་ཁང་དུ་འཚོགས་ཡོད་པ་དང་། ཉིན་འདིའི་གསུང་བཤད་སློབ་དཔོན་བཀའ་རམས་པ་ཤེས་རབ་རྣམ་རྒྱལ་ཉིད་ནས་《དུས་རབས་ཉེར་གཅིག་པའི་ནང་གི་བོན་གྱི་གནས་བབས་དང་བོན་ཕྲུག་རྣམས་ཀྱི་འགན་འཁྲིའི་》སྐོར་ནས་གསུང་བཤད་གནང་ཡོད་པ་དང་།
གསུང་བཤད་སློབ་དཔོན་ཉིད་ནས་བོད་བཙན་པོའི་སྐབས་ཀྱི་བོན་གྱི་གནས་སྟངས་དང་། བོད་སིལ་བུའི་སྐབས་ཀྱི་གནས་སྟངས། བོད་བླ་མའི་དུས་སྐབས་ཀྱི་གནས་སྟངས་སོགས་དུས་རབས་མི་འདྲ་བ་གསུམ་གྱི་སྒོ་ནས་བོན་གྱི་གནས་སྟངས་གསུང་གླེང་གནང་བ་དང་།
ད་ལྟའི་བོན་ཕྲུག་རྣམས་ཀྱི་འགན་འཁྲི་ཐད་ནས་དེང་གི་ཆར་འཛམ་བུ་གླིང་ལ་ཁ་ཕྱོགས་ནས་རང་རིགས་ཀྱི་སྐད་དང་རིག་གཞུང་། གང་ཉིད་མོས་པའི་བསླབ་བྱའི་རིག་གཞུང་དེའི་སྟེང་ནས་ཆེ་ས་དང་ཆུང་སའི་གང་གི་ཆར་ཡང་བོན་གྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་། རིག་གཞུང་ཐ་སྙད་སོགས་ཧ་གོ་བར་བྱས་ནས། རང་ཉིད་གང་ལ་སོང་ཀྱང་། གང་ནས་བསྡད་ཀྱང་། སུ་གང་ལའང་འགྲེལ་བརྗོད་ཐུབ་པར་བྱེད་རྒྱུ་གལ་ཆེན་རང་བཞིན་ཅན་གྱི་གསུང་བཤད་ཀྱིས་མཇུག་གྲུབ་པར་བྱས་སོ།

imageimage

ཉིན་དྲུག་པའི་བགྲོ་གླེང་གཙོ་སྐྱོང་བ་སྤུ་བླ་ནམ་མཁའ་རྒྱལ་མཚན་ལགས་ནས་བགྲོ་གླེང་གཙོ་སྐྱོང་གནང་བཞིན་པ།

imageimage

བགྲོ་གླེང་ཚོགས་ཞུགས་པ་རྣམས་ཀྱིས་དོགས་དྲི་ཞུ་བཞིན་པ།

                                 གསར་འགོད་པ།་སྐྱིད་སྲས་དགེ་ལེགས་ཉི་མ།