གཡུང་དྲུང་བོན་གྱི་དྲྭ་རྒྱ།

རི་བོ་གངས་ཅན་པ་མཐོ་སྒང་བསིལ་མོའི་ལྗོངས་ཀྱི་གཡུང་དྲུང་གི་མཚོན་དོན་མདོར་ཙམ་བཤད་པ་སྲིད་པའི་མེ་ལོང་།

བོན་ཉིད་མི་འགྱུར་གཡུང་དྲུང་དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལ་གུ་དུན་ཧྲུན་ནོ།། ཞང་ཞུང་གི་སྐད་དུ།  དྲུང་མུ། བོད་སྐད་དུ། གཡུང་དྲུང་།  རྒྱ་ནག་སྐད་དུ། (雍仲)ཞེས་ཐད་བསྒྱུར་བྱས་པའམ་ཡང་ན་ཧོསའུ(福 fu)།  རྒྱ་གར་གི་སྐད་དུ། སྲི་ཝ་ཙཱ(Srivatsa)  ཉི་ཧོང་གི་སྐད་དུ།  མན་ཇིའི(まんじmanji)།  དབྱིན་ཇིའི་སྐད་དུ། སེ་ཝ་སེ་ཐི་ཁཱ(swastika)། ཞེས་སོགས་བརྗོད་ཀྱིན་ཡོད་པ་འདྲ།  ཡུལ་ཁམས་དེ་དག་གི་ཁྲོད་དུ་རི་བོ་གངས་ཅན་པ་གནའ་དུས་ཞང་ཞུང་ཞེས་པའི་གནའ་བོའི་ཤེས་རིག་གི་མ་མ་གཡུང་དྲུང་བོན་གྱི་གྲུབ་མཐའི་ངོས་ལ་བཤད་ནས་གཡུང་དྲུང་གི་འགྲེལ་བཤད་རྒྱ་ཆེན་ལ་གཏིང་ཟབ་པ་མང་པོའི་བཞུགས་བའི་ནང་ནས་འདིར་གཡུང་དྲུང་གི་མཚོན་དོན་དང་འབྲེལ་བའི་མཚམས་སྦྱོར་ཉུང་ངུ་ཞིག་ཞུ་འདོད་པ་བྱུང་བས་རྩ་བའི་དོན་ཚན་དྲུག་གི་སྒོ་ནས་གླེང་བར་བྱས་ཏེ།  

གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་ཉི་ཤུ་པའི་དགེ་བཤེས་དམ་བཅའ་ཆེན་མོ་ཉིན་གསུམ་པའི་གནས་བསྡུས།

རྒྱལ་བ་གཤེན་གྱི་འབྱུང་ལྡན་༣༠༡་དང་གཅིག་བོད་ལྕགས་བྱི་ལོའི་བོད་ཟླ་༡པོའི་ཚེས་༡༤་ཉིན་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༨ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།