༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༤༢འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།
དེ་ཡང་ཕྱི་ལོ་༢༠༢༠ལོའི་ཟླ་༩ཚེས་༡༣ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༤༢འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། དེ་ཡང་འཆར་ཅན་ལྟར་དབུ་བརྙེས་པའི་དུས་ཆེན་སྤྱི་ཟླ་༤ཚེས་༢ཉིན་གཏན་འཁེལ་ཡིན་ཡང་ནད་ཡམས་རྐྱེན་གྱིས་ཕྱིར་འགྱངས་སུ་ལྷག་ཡོད་པ་དང་།