རྩོམ་སྒྲིག་པ།
-
ཏྲེ་སྟོན་དགེ་བཤེས་ཉི་མ་སེང་གེ་མཆོག་འབྲས་ལྗོངས་༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོར་ཁྲི་བཞེངས་ཀྱི་གནས་ཚུལ།
ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དགོན་པ་དང་དད་ལྡན་ལྷ་སྡེ་མི་མང་ནས་གསོལ་འདེབས་ཞུས་དོན་བཞིན་བླ་མ་ཁྲི་པའི་ཁྲི་བཞེངས་ཀྱི་ལམ་སྲོལ་ལྟར། སྨན་རིའི་དགེ་བཤེས་ཏྲེ་སྟོན་ཉི་མ་སེང་གེ་མཆོག ༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོར་ཁྲི་བཞེངས་མངའ་གསོལ་གནང་སོང་།
-
སྨན་རིའི་སྒྲུབ་ཆེན་ཉིན་མཐའ་མའི་མཛད་རིམ་དང་སྒྲུབ་ཆེན་མཇུག་གྲུབ་པ།
་རིང་རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་ཉིན་བཅུ་བདུན་པ་དང་མཐའ་མ་དེ་སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༧ ཉིན་སྔ་དྲོར་སྨན་སྐོར་སེར་འཕྲེང་དང་བཅས་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་རྒྱལ་ཕྱི་ནང་གི་དད་ལྡན་མི་མང་སྟོང་ཚོ་གཉིས་མ་ཟིན་ཙམ་ལ་སྨན་འགྱེད་བསྩལ་གནང་སོང་།
-
ཀུན་གྲོལ་སྤྲུལ་སྐུ་མཆོག་ནས་༸རྒྱལ་བ་སྨན་རིའི་གླིང་དུ་སྐུ་གསུང་ཐུགས་རྟེན་ཕུལ་གནང་བ།
ད་ལན་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་ཀུན་གྲོལ་བདུན་པ་ནམ་མཁའ་འཕྲིན་ལས་དབང་རྒྱལ་མཆོག་ནས་༸རྒྱལ་བ་སྨན་རིའི་གླིང་དུ་སྐུ་གསུང་ཐུགས་རྟེན་ཕུལ་གནང་སོང་
-
སྨན་རིའི་སྒྲུབ་ཆེན་ཉིན་བཅུ་དྲུག་པའི་གནས་ཚུལ།
དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་བཅུ་དྲུག་པར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཡི་དམ་ཞི་ཁྲོ་གཉིས་ཀྱི་དངོས་གཞིའི་དབང་དང་བདུད་རྩི་སྨན་གྱི་བཀའ་དབང་བཅས་བསྩལ་གནང་སོང་།
-
སྨན་རིའི་སྒྲུབ་ཆེན་ཉིན་ ༡༣ པ་དང་ ༡༤ པ།
སྨན་རིའི་སྒྲུབ་ཆེན་ཉིན་བཅུ་གསུམ་པར་སྨན་དབང་དང་། ཉིན་བཅུ་བཞི་པར་རིག་གནས་འགྲེམ་སྟོན་གནང་ཡོད་པ་རེད།
-
སྨན་རིའི་སྒྲུབ་ཆེན་ཉིན་ ༡༡ པ་དང་ ༡༢ པའི་གནས་བསྡུས།
དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་ ༡༢ པར་དད་འབངས་ཀུན་ལ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཕྱི་ནང་གི་ཁོར་ཡུག་དང་། ཐུན་མོང་མ་ཡིན་པའི་ཐེག་པ་རིམ་དགུའི་མཆོད་རྫས་ཡོ་བྱད་ངོ་སྤྲོད་ཀྱི་འགྲེམ་སྟོན་ཁང་སོགས་གཟིགས་འབུལ་ཞུས་གནང་སོང་
-
སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཁྲོལ་སྨན་ཞིབ་བརྡུང་དང་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བོན་ཁྲིད།
སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཁྲོལ་སྨན་ཞིབ་བརྡུང་དང་མཁན་སློབ་རྣམ་གཉིས་ཀྱི་བོན་ཁྲིད།
-
༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”མཇུག་གྲུབ་པ།
༸གདན་ས་སྨན་རིའི་གླིང་དུ་ཉིན་གཉིས་ཀྱི་རིང་དུ་འཚོགས་པའི་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་ཡོད་པ་ཡོད་པ་རེད།
-
༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”དབུ་འཛུགས་གནང་བ།
སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་བཀའ་མངགས་དང་དགོངས་པ་ལྟར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་གོ་སྒྲིག་གནང་སྟེ་༸རྒྱལ་བ་སྨན་རའི་སྒྲུབ་ཆེན་དང་བསྟུན་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཞེས་པ་ཞིག་འཚོགས་གནང་སོང་
-
“བོན་སྒོ་”ཨང་ ༡ ནས་ ༢༠ བར་གྱི་དཔྱད་རྩོམ་ཕྱོགས་སྒྲིགས་ཀྱི་དེབ་སྟོད་སྨད་བར་གསུམ་དབུ་འབྱེད་གནང་བ།
དེ་རིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”གི་མཛད་སྒོའི་ཐོག་“བོན་སྒོ་”ཨང་ ༡ ནས་ ༢༠ བར་གྱི་དཔྱད་རྩོམ་ཕྱོགས་སྒྲིགས་ཀྱི་དེབ་སྟོད་སྨན་བར་གསུམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་སོང་།