སྨན་རིའི་གླིང་།
-

༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་སྦྲུལ་ལོའི་སྟོན་པའི་འདས་མཆོད་འཚོགས་པ།
སྟོན་པའི་བཀའ་རིན་པོ་ཆེ་ལས། “འཛམ་བུ་གླིང་དུ་མཛད་པ་རྫོགས། རྟག་འཛིན་ཅན་གྱི་རིགས་རྣམས་ལ། འཁོར་བ་མི་རྟག་ཚུལ་བསྟན་ཕྱིར། བདག་ནི་ཡོངས་སུ་མྱ་ངན་འདའ
-

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༡ པ། བོད་ཟླ་བཅུ་བ།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༡ པ།
-

རྒྱ་ཤོད་དགེ་བཤེས་གཡུང་དྲུང་བཀྲ་ཤིས་ལགས་ནས་བརྩམས་གནང་བའི་འབུམ་བཞིའི་སྒོས་འགྲེལ་ཁག་གི་དཔེ་དེབ་དབུ་འབྱེད་མཛད་སྒོ།
རྒྱ་ཤོད་དགེ་བཤེས་གཡུང་དྲུང་བཀྲ་ཤིས་ལགས་ནས་བརྩམས་གནང་བའི་འབུམ་བཞིའི་སྒོས་འགྲེལ་ཁག་གི་དཔེ་དེབ་དབུ་འབྱེད་མཛད་སྒོ།
-

བོད་ཤིང་སྦྲུལ་ལོའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་༢༧པ་མཇུག་ལེགས་པར་གྲུབ་པ།
གླིང་སྟོད་སྨད་གཉིས་ནས་བདུན་ཕྲག་གི་ཐུག་ཆེན་གྲུབ་མཚམས་གླིང་སྟོད་སྨད་གཉིས་ཀྱི་བདུན་ཕྲག་གསུམ་གྱི་རིང་བོན་གྱི་སྤྱན་ལྡན་ཆེན་མོའི་ཚད་མ་ལས་ལེའུ་བཞི་པ་མངོན་སུམ་ཚད་མ་མའི་སྐོར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་ནས་གླིང་སྟོད་སྨད་གཉིས་སུ་དཔེ་ཁྲིད་གནང་ཞིང་མཇུག་གྲུབ་ཡོད་པ་རེད།
-

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཨ་རིའི་ས་གནས་ཁག་ཅིག་ཏུ་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཆིབས་སྒྱུར་བསྐྱངས་པ།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཨ་རིའི་ས་གནས་ཁག་ཅིག་ཏུ་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཆིབས་སྒྱུར་བསྐྱངས་པ།
-

༸གདན་ས་སྨན་རིའི་གླིང་གི་བོད་ཤིང་སྦྲུལ་ ༢༠༢༥ ལོའི་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས།
གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་སྦྲུལ་ལོའི་བོད་ཟླ་དགུ་པའི་ཆེས་པ་ ༡ སྤྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༢ ནས་༸གདན་ས་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་སུ་བོད་ཤིང་སྦྲུལ་ལོའི་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་།
-

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༠ པ། བོད་ཟླ་བརྒྱད་པ།
གཡུང་དྲུང་བོབ་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་སྦྲུལ་ལོའི་བོད་ཟླ་བརྒྱད་པའི་བགྲོ་གླེང་དེ་ཉིད་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུ་བཞུགས་འཚོགས་ཡོད་པ་དང་། བགྲོ་གླེང་གཏམ་བཤད་པ་བཀའ་རམས་པ་ངག་དབང་ཤེས་རབ་དང་། སློབ་གཉེར་བ་མཁས་གྲུབ་རིན་ཆེན། གནམ་གང་ཚེ་རིང་གསུམ་གྱིས་སོ་སོའི་བརྗོད་གཞིའི་ཐོག་སྐར་མ་བཅོ་ལྔ་གཏམ་བཤད་དང་སྐར་མ་བཅོ་ལྔར་དྲི་བ་དྲིས་ལན་
-

ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་༸གདན་ས་སྨན་རིའི་གླིང་དུ་ྋགསང་སྔགས་མ་རྒྱུད་ཀྱི་བཀའ་དབང་ཟབ་མོ་བསྩལ་གནང་བ།
༸ཞྭ་དཀར་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ལ་༸སྨན་རིའི་གྲྭ་ཚང་དང་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། དེ་བཞིན་ཕྱི་གླིང་གི་སློབ་ཚོགས་འགའ་ཞིག་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཞལ་བཞེས་བཀའ་དྲིན་བསྐྱངས་གནང་སྟེ། སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ཚེས་ ༠༥ ནས་ ༠༨ བར་དང་། བོད་ཤིང་སྦྲུལ་ལོའི་བོད་ཟླ་བརྒྱད་པའི་ཚེས་ ༡༣ ནས་ ༡༦ བར་ཏེ་ཉིན་བཞིའི་རིང་དད་ལྡན་སེར་སྐྱ་མི་མང་ལ། གསང་སྔགས་མ་རྒྱུད་ཀྱི་བཀའ་དབང་བསྩལ་གནང་མཛད་
-

༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་མོ་སྦྲུལ་ལོའི་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པ།
སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མོ་བོ་ཀུན་ལས་རྣམ་པ་རྒྱལ་བ་མཆོག་ཉིད་སྐུ་སྐྱེ་བ་མི་རུ་བཞེས་ནས། མི་ལོ་ ༡༨༠༤༢ འདས་པའི་བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༨ པའི་ཚེས་པ་ ༡ ནས་ ༧ བར་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་སུ་མང་འདུས་སེམས་འདུལ་བ་འཛིན་པའི་འདུས་མང་ཡོངས་ནས་རྒྱལ་བ་གོང་མའི་ཕྱག་སྲོལ་ཇི་བཞིན་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་ཡོད་པ་རེད།
-

༸གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་གསང་སྔགས་མ་རྒྱུད་དང་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ཀྱི་ལྗགས་ལུང་བསྩལ་གནང་བ།
༸གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའ་ཚོགས་ཁང་དུ། སྨན་རིའི་དགེ་བཤེས་རྣམ་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ། གཞི་རིམ་སློབ་མ་བཅས་ཡོངས་ལ། གསང་སྔགས་མ་རྒྱུད་དང་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ཀྱི་ལྗགས་ལུང་བསྩལ་གནང་བ།










