-
༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་མཇུག་གྲུབ་པ།
བོས་ཆུ་ཡོས་ལོའི་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ། དེ་བཞིན་སྨན་རིའི་གཞི་རིམ་སློབ་གཉེར་བ་བཅས་ཀྱི་ལོ་འཁོར་ཡིག་རྒྱུགས་དེ་ཉིད་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ པའི་ཚེས་ ༢༨ དང་ ༢༩ སྟེ་ཉིན་གཉིས་ཀྱི་རིང་བཏང་གནང་ཡོད་པ་རེད།
-
༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གནས་ཆེན་རྡོ་རྗེ་གདན་དུ་ཉིན་བཞིའི་རིང་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཚོགས་འདུ་རུ་ཕེབས་གནང་ཡོད་པ།
༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཆེན་རྡོ་རྗེ་གདན་དུ་ཉིན་བཞིའི་རིང་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཚོགས་འདུ་རུ་ཕེབས་གནང་ཡོད་པ་རེད།
-
༸གདན་ས་སྨན་རིའི་གླིང་དུ་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ལོ་ ༡༥༩ འཁོར་བའི་འདས་མཆོད་འཚོགས་པ།
འདི་ལོའི་བོད་ཟླ་བཅུ་གཅིག་གི་ཚེས་བདུན་དང་བརྒྱད་དེ་ཉིན་གཉིས་ཀྱི་རིང་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ལོ་ ༡༥༩ འཁོར་བའི་འདས་མཆོད་འཚོགས་པ་འཚོགས་ཡོད་ལ།
-
༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་བཅུ་གཉིས་པའི་ནང་བལ་ཡུལ་དུ་ཆིབས་བསྒྱུར་བསྐྱངས་བའི་གནས་ཚུལ།
ཉེ་ཆར་སྤྱི་ལོ་ ༢༠༢༣ ཟླ་བ་ ༡༢ པའི་ཚེས་པ་ ༥ ནས་ ༡༣ བར་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་ཆེན་མོ་མཆོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། དེ་བཞིན་པོག་ར། དམུ་སི་སྟངས། ཡོལ་མོ། ལུམ་བི་ནི་སོགས་སུ་བསྟན་འགྲོའི་མཛན་འཕྲིན་བསྐྱངས་བའི་སྐོར།
-
༸གདན་ས་སྨན་རིའི་གླིང་དུ་བོད་ཆུ་ཡོས་ལོའི་སྟོན་པའི་འདས་མཆོད་འཚོགས་པ།
གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ཆུ་ཡོས་ལོའི་བོད་ཟླ་ ༡༠ པའི་ཚེས་ ༣༠ ཉིན་ཏེ་(སྤྱི་ལོ་ ༢༠༢༣ ཟླ་༡༢ ཚེས་༡༢)རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་མི་རྟག་མྱ་ངན་ལས་འདས་ནས་མི་ལོ་ ༩༨༣༩ འཁོར་བའི་དུས་ཆེན་གྱི་ཉིན་
-
གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་སློབ་གཉེར་གནང་ཕྱོགས།
གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་སློབ་གཉེར་གནང་ཕྱོགས་སྐོར་གྱི་གསུང་བཤད།
-
བོན་གཞིས་བཙུན་དགོན་རཏྣ་སྨན་གླིང་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོའི་ཉིན་གཉིས་པའི་གནས་བསྡུས།
གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༠ བོད་ཆུ་ཡོས་ལོའི་ཟླ་ ༡༠ བའི་ཚེས་ ༢ དང་། ཕྱི་ལོ་༢༠༢༣ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་བཙུན་དགོན་རཏྣ་སྨ་གླིང་གི་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོ་
-
བོན་གཞིས་བཙུན་དགོན་རཏྣ་སྨན་གླིང་དུ་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོ་ཚོགས་པ།
གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༠ བོད་ཆུ་ཡོས་ལོའི་ཟླ་ ༡༠ བའི་ཚེས་ ༡ དང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ཚེས་ ༡༤ ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཁུངས་གཏོགས་བཙུན་དགོན་རཏྣ་སྨན་གླིང་དུ་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོ་ཚོགས་ཡོད་པ་རེད།
-
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་འདི་ལོའི་སྤྱི་ཟླ་༨པའི་ཚེས་པ་༢༥ ནས་ སྤྱི་ཟླ་ ༡༠པའི་ཚེས་པ་ ༢༠ བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་རྣམས་གྲུབ་ནས་ཕྱིར་རང་དགོན་དུ་ཞབས་སོར་འཁོད་གནང་བ།
དེ་རིང་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་འདི་ལོའི་སྤྱི་ཟླ་ ༨ པའི་ཚེས་པ་ ༢༥ ནས་ སྤྱི་ཟླ་ ༡༠ པའི་ཚེས་པ་ ༢༠ བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་
-
༸གདན་ས་སྨན་རིའི་གླིང་དུ་སྐབས་ ༢༥ བའི་གཡས་རུའི་འཆད་རྩོད་ཆེན་མོ་མཇུག་ལེགས་པར་གྲུབ་པ།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༡༥ ནས་ཟླ་ ༡༡ པའི་ཚེས་ ༦ ཉིན་གྱི་བར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་ཉེར་ལྔ་པ་དེ་ཉིད་འཚོགས་ཤིང་མཇུག་ལེགས་པར་གྲུབ་ཡོད་པ་རེད།
-
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་འདི་ལོའི་སྤྱི་ཟླ་༨པའི་ཚེས་པ་༢༥ ནས་ སྤྱི་ཟླ་ ༡༠པའི་ཚེས་པ་ ༢༠ བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་རྣམས་གྲུབ་ནས་ཕྱིར་རང་དགོན་དུ་ཞབས་སོར་འཁོད་གནང་བ།
དེ་རིང་སྟེ་སྤྱི་ཚེས་ ༢༤ ཉིན་དགོན་གྱི་ཉེ་འདབས་ solan གྲོང་ཁྱེར་གྱི་ BARISTA ཚིག་ཇ་ཁང་དུ།
-
སྨན་རིའི་གླིང་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་གཏུམ་མོ་ཉམས་ལེན་རྩ་རླུང་ཞག་བརྒྱ་དབུ་འཛུགས་གནང་བ།
སྨན་རིའི་གླིང་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་གཏུམ་མོ་ཉམས་ལེན་རྩ་རླུང་ཞག་བརྒྱ་དབུ་འཛུགས་གནང་བ།