-
བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་ཀྱིས་དགེ་བཤེས་མཛད་སྒོ་དང་འབྲེལ་དཔེ་དེབ་གསུམ་འགྲེམས་སྤེལ་གནང་སོང་།
བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་ཀྱིས་དགེ་བཤེས་མཛད་སྒོ་དང་འབྲེལ་དཔེ་དེབ་གསུམ་འགྲེམས་སྤེལ་གནང་སོང་།
-
བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོ་དབུ་འཛུགས་གནང་བ།
སྐབས་ ༢༢ པའི་དགེ་བཤེས་མཛད་སྒོའི་ཉིན་དང་པོར་བཀའ་རམས་པ་སྤྱང་རུ་དྲང་སྲོང་ཡེ་ཤེས་རྒྱལ་བ་རྒྱ་མཚོ་དང་། ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྒྱ་མཚོ་དབྲ་ཚ་དྲང་སྲོང་གཙུག་འཇིགས་མེད་རྒྱ་མཚན། མགར་རུ་དྲང་སྲོང་ཡེ་ཤེས་ཀུན་བཟང་རྒྱ་མཚོ་བཅས་ཀྱི་གཞུང་བཤད་དང་་གཏོང་སྒོ་ཆེན་མོ་གནང་ཡོད་པ་རེད།
-
བོད་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ལོའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཤེན་གྱི་གར་འཆམ་ཆེན་མོ།
གདན་ས་སྨན་རིའི་གླིང་དུ་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་ལམ་བཟོའམ་གཞུང་ལམ་གྲོང་ཁྱེར་འཛུགས་སྐྲུན་གྱི་བློན་ཆེན་སྐུ་ཞབས་ཝིཀ་ར་མ་དྷི་ཡ་སིངྒ་མཆོག་ཆེད་ཕེབས་གནང་ཡོད་པ་རེད།
-
དཔལ་གཤེན་བསྟན་༧སྨན་རིའི་གླིང་དུ་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་། སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།
གདན་ས་སྨན་རིའི་གླིང་དུ་རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་སྐུ་བལྟམས་ནས་མི་ལོ་ ༦༦༨ འཁོར་བའི་དུས་ཆེན་དང་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་འཚོགས་གནང་ཡོད་པ་རེད།
-
༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོད་ཤིང་འབྲུག་ལོའི་ལོ་གསར།
གདན་ས་སྨན་རིའི་གླིང་ནས་ ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༡༠ བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡ ཉིན་
-
བོད་ཆུ་ཡོས་ལོའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་གཏོར་ཆེན་མོ།
གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་གཏོར་ཆེན་མོ་དེ་ཉིད་བྱུང་ལྡན་ ༣༠༡ བོད་ཆུ་ཡོས་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ ༢༦ ནས་ ༢༨ བར་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་གྱི་རིང་འཚོགས་གནང་ཡོད་པ་རེད་
-
༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་གཏུམ་མོ་ཡེ་ཤེས་མེ་དཔུང་གི་རྩ་རླུང་ཞག་བརྒྱའི་ཉམས་ལེན་གྲུབ་པའི་གནས་བསྡུས།
སྤྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢ ཉིན། སྐབས་གཉིས་པའི་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་རྩ་ལུང་ཞག་བརྒྱའི་ཉམས་ལན་འཇུག་ལེགས་པར་གྲུབ་ཡོད་པ་རེད།
-
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གིས་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ།
-
གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་བལ་ཡུལ་རྒྱལ་སར་འགྲོ་དོན་བསྐྱངས་པའི་གནས་བསྡུས།
ལ་ཡུལ་རྒྱལ་སར་རྟེན་གཞིར་བྱས་པའི་དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཡར་རྒྱས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སྐུ་འཁོར་བཅས་ཕྱི་ཚེས་ ༡༧ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་ས་ཀ་ཐཱ་མཎ་གྲུའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་གྲུབ། དེར་སེ་སྟེང་ཤུག་ཚལ་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་རིན་པོ་ཆེ་མཆོག་དང་བལ་པོ་བ་ Dilli Pandey གཉིས་ནས་སྲིད་གཞུང་ལ་ཆོག་མཆན་ཞུས་པ་ལྟར་ཆེས་མཐོའི་མི་སྣ་ VIP ཕེབས་ལམ་བརྒྱུད་ནས་གདན་ཞུས་གནང།
-
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་ ༡༢ པའི་བགྲོ་གླེང་།
དེ་རིང་སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༡ པོའི་སྤྱི་ཚེས་ ༡༣ ཉིན། སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག བོད་ཆུ་ཡོས་ལོའི་བོད་ཟླ་ ༡༢ པའི་བགྲོ་གླེང་དབུ་འཛུགས་གནང་
-
གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྐབས་དང་པོའི་བཤད་རྒྱུགས་དང་སློབ་ཐོན་མཛད་སྒོའི་གནས་ཚུལ།
དེ་རིང་སྨན་རིའི་དཔེ་མཛོད་ཁང་དུ་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་“གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྐབས་དང་པོའི་བཤད་རྒྱུགས་དང་སློབ་ཐོན་མཛད་སྒོ་”གཉིས་ལྷན་དུ་སྤེལ་གནང་སོང་