-

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཆེན་པོ་ཧོར་གྱི་ཡུལ་དུ་མཛད་འཕྲིན་བསྐྱངས་བའི་གནས་བསྡུས།
༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ སྤྱི་ལོ་ ༢༠༢༥ ཟླ་པའི་ ༧ པའི་ཚེས་ ༨ ནས་ ༢༢ བར་སོག་པོའི་བོན་དགོན་དཔལ་གཤེན་བསྟན་སོག་གཡུང་དྲུང་རིན་ཆེན་གླིང་གི་མཁན་པོ་སྨན་རིའི་དགེ་བཤེས་བཟོད་པ་རྒྱ་མཚོ་མཆོག་བཙོས་འབྲེལ་ཡོད་རྣམས་ནས་ཕེབས་བསུ་ཞུས་ངོན་བཞིན་སོགས་ཡུལ་དུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་གནང་ཡོད་པ་དང་།
-

༸གདན་ས་སྨན་རིའི་གླིང་གི་བོད་ཤིང་སྦྲུལ་ལོའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ།
འདི་ལོ་སྟེ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༢ ཤིང་སྦྲུལ་ལོའི་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རཏྣ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ། དེ་བཞིན་སྨན་རིའི་གཞི་རིམ་སློབ་གཉེར་བ་བཅས་ཀྱི་ལོ་ཕྱེད་ཡིག་རྒྱུགས་དེ་ཉིད་བོད་ཟླ་ལྔ་པའི་ཚེས ༢༩ ་དང་ ༣༠ སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༧ པའི་ཚེས་ ༢༤ དང་ ༢༥ ཉིན་གཉིས་ཀྱི་རིང་བཏང་གནང་ཡོད་པ་རེད།
-

༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་ལྔ་པའི་སྒྲུབ་གྲྭ་བ་རྣམས་ཀྱིས་སྔོན་འགྲོ་འབུམ་དགུའི་གསོག་སྦྱོང་གྲུབ་པ།
སྐབས་བཞི་པའི་སྒྲུབ་གྲྭ་བ་རྣམ་པ་བཞི་ནས་ཐོག་མར་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་གཟའ་སྐར་འཕྲོད་སྦྱོར་གྱི་རྟེན་འབྲེལ་ཐུགས་བརྟགས་གནང་བ་ལྟར་ ༢༠༢༥ ཟླ་ ༤ པའི་ཚེས་ ༡༠ ཉིན་སྔོན་འགྲོ་ཞག་བརྒྱའི་དབུ་འཛུགས་ཀྱིས་ཉིན་གྲངས་བརྒྱའི་རིང་གནས་གཅིག་ཏུ་་སྔོན་འགྲོ་འབུམ་དགུའི་གྲངས་ཚང་པར་བྱས་ཏེ་མཇུགས་ཡོངས་སུ་གྲུབ་ཡོད་པ་རེད།
-

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཤིང་སྦྲུལ་ལོའི་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་མཁའ་ཀློང་གསང་མདོས་ཆེན་འཚོགས་བཞིན་པ།
དེ་ཡང་འཆར་ཅན་ལྟར་བོད་ཟླ་ལྔ་པའི་ནང་ཉིན་ལྔའི་རིང་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང།
-
རིག་འཛིན་འདུས་པའི་འཕྲིན་ཡིག་དྲང་དོན་འདུས་པ་སོགས་
ཞང་ཞུང་གཙོ་མེན་གྱེར་ཆེན་གྱིས། རིག་འཛིན་འདུས་པའི་བསྒྲུབ་པ་མཛད་དུས་སུ། གུ་གེ་བརྒྱུད་དེ་ཁོད་སྤུངས་ཀྱིས་བཀོད་པའོ། གཤེན་པོ་གསང་བ་འདུས་པས་གསུངས་པ། ཉོན་དང་མ་འོངས་སེམས་ཅན་ཀུན། གཡུང་དྲུང་བོན་འདི་ཐོས་པ་དཀའ་བས། བསྒྲུབ་ལ་བརྩོན་པར་བགྱི། ཁེངས་དྲེགས་བདུད་བཅོམ་བརྩོན་གྲུས་བསྐྱེད། འཆི་བདག་བདུད་ནི་སོ་བྱས་ཉ་བསྒུག་འདྲ། དེ་ཕྱིར་གཡུང་དྲུང་བོན་སྤྱོད་དང་དུ་ལོངས། འོད་གསལ་ཆེན་པོ་རྒྱུན་དུ་བསྒོམ། ཞེས་གསུངས་སོ།
-

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་མཛད་འཕྲིན་གྲུབ་ནས་རང་དགོན་དུ་ཞབས་སོར་བདེ་བར་འཁོད་པ།
དེ་ཡང་སྤྱིར་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།
-

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བོན་འབངས་ཡོངས་ལ་བསྩལ་བའི་ཐུགས་གསོའི་གསུང་འཕྲིན།
ལང་ཡོངས་སུ་གྲུབ་ནས་རང་ཅག་ཡོངས་ཀྱི་བསོད་ནམས་ཚོགས་ཀྱི་དཔལ་རྫོགས་པར་ཞུས་ཡོད། འོན་ཀྱང་ཉེ་ཆར་༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་ ༡༦ སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༠༦ ཚེས་ ༡༢ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༤༥ ཐོག བལ་ཡུལ་རྒྱལ་སའི་ཉེ་འགྲམ་དབེན་གནས་བྱེ་མ་རི་ཁྲོད་ཀྱི་སྒྲུབ་གནས་སུ་ཐུགས་དམ་གཡོ་མེད་ངང་དགོངས་པ་བོན་དབྱིངས་སུ་གཟིགས་པའི་གནས་ཚུལ་ཐོག་མར་གོ་དུས་ངོས་རང་བློ་ཕམ་ཚད་མེད་བྱུང་།
-

༧གདན་ས་སྨན་རིའི་གླིང་གྲྭ་ཚང་འདུས་སྤྱི་ནས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པར་གདུང་སེམས་མཉམ་བསྐྱེད་དང་དགེ་སྐུལ་གནང་བ།
༄༅། ། སྤྱིར་གནམ་འོག་གི་གཤེན་བསྟན་བོན་འབངས་ཡོངས་དང་ལྷག་དོན་དུ་༸རྒྱལ་བ་མཉམ་མེད་ཆེན་པོའི་ བསྟན་པའི་རྒྱུད་འཛིན། ཡང་སྒོས་སུ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ལྷན་རྒྱས་ཀྱི་གསེར་སྙན་དུ་ཞུ་གསོལ། གཞན་ཡང་འདིར་དམིགས་སུ་བཀར་ནས་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༸མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དབུས་པའི་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་འདུས་མང་ཡོངས་དང་འབྲེལ་ཡོད་ཚོགས་སྡེ་ཡོངས་ལ་༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་འདུས་སྤྱི་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུར་མ་ཟད། འདིར་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན་སྤྱི་ཚེས་༡༢ ཉིན་ནས་དགོངས་རྫོགས་མཆོད་འབུལ་གང་རྒྱས་ཞུས་དང་ཞུ་མུས་ལགས་དང་ལྷག་པར་དགུང་ཞག་ཞེ་དགུའི་རིང་མུ་མཐུད་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དང་། བོན་འབངས་ཀུན་གྱིས་དགུང་ཞག་ཞེ་དགུའི་རིང་མུ་མཐུད་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་དང་བཅས།༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་འདུས་སྤྱི་ནས། ཕྱི་ལོ་ ༢༠༢༥ ཟླ་ ༠༦ ཚེས་ ༡༧ ལ་ཕུལ།
-

སྨན་རིའི་གླིང་དུ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་དགོངས་རྫོགས་གདུང་མཆོད་ཕུལ་བའི་ཉིན་ལྔ་བའི་གནས་བསྡུས།
ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་རྣམ་གཉིས་ནས་བཀའ་དགོངས་གཞི་བཟུང་འོག
-

སྨན་རིའི་གླིང་དུ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཉིན་གཉིས་པའི་མཆོད་འབུལ་སྨོན་ལམ་དུ་ཉིན་འགྱངས་གཅིག་རིང་ཨ་སྙན་རྫོགས་གསུམ་གྱི་གདུང་མཆོད་ཕུལ་བ།
ཁ་སང་སྟེ་གཤེན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་དག་གིས་རིན་པོ་ཆེ་ཉིད་དགོངས་པ་བོན་དབྱིངས་སུ་གཤེགས་པར་མཆོད་
-

གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པར་མཆོད་འབུལ་སྨོན་ལམ་ཚོགས་པའི་གནས་བསྡུས།
བསླབ་གསུམ་བསྟན་པའི་བདག་ཉིད་༧ཡོངས་འཛིན་སྨྲ་བའི་དབང་པོ་ཉིད་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་།
-

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་དགུང་གྲངས་༩༠ཕེབས་པར་འདུས་མང་ཡོངས་ནས་ཉིན་འགྱངས་གཅིག་རིང་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
༄༅། །ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བསྟི་གནས་ཆེན་མོ། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ།



















