རྩོམ་རིག
-
བྱ་དཀའི་ཟུང་ལྡན་རྒྱན་གྱི་སྒོ་ནས་རང་གིས་རང་ལ་སྐུལ་བའི་སྟོང་སྐད་བཅུ་དྲུག་མ།
བྱ་དཀའི་ཟུང་ལྡན་རྒྱན་གྱི་སྒོ་ནས་རང་གིས་རང་ལ་སྐུལ་བའི་སྟོང་སྐད་བཅུ་དྲུག་མ། དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་།
-
ཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གིས་ལྗགས་རྩོམས་གནང་བའི་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པའི་གསོལ་འདེབས།
༄༅། ༸རྒྱལ་བ་སྨན་རི་བ་མཆོག་གི་འཁྲུངས་སྐར་དང་བསྟུན་། ཤར་རྗའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གིས་ལྗགས་རྩོམ་གནང་བའི་༄༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་་མཆོག་གི་གསོལ་འདེབས།
-
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་སྐྲུན་ཞུས་ཟིན་པའི་ཕྱག་དཔེ་དག་གི་དཀར་ཆག་བསྡུས་པ།
བཤད་སྒྲུབ་འདུས་སྡེས་པར་སྐྲུན་པའི་ཕྱག་དཔེའི་དཀར་ཆག་བསྡུས་པ། རག་བཙུན་དྲུང་ཉི།
-
༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ ༧སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་ཕུལ་བའི་ཤིས་ཚིག
རྫོགས་པ་ཆེན་པོའི་སྙན་རྒྱུད་བདུད་རྩིའི་རྒྱུན།། ཞང་བོད་རིག་གཞུང་སྤེལ་བའི་གསེར་རིའི་ཕྲེང་།།
-
ཤེས་རབ་སྨྲ་སེང་ལ་བསྟོད་པ་ཤེས་རབ་སྒྲོན་མེའི་འོད་ཟེར་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ཤེས་རབ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། ། ༡ རྨད་བྱུང་རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ། ། སྐུ་མཆོག་ཁྱབ་གདལ་སྨྲ་བའི་དཀྱིལ་འཁོར་ལྷ། ། ལྷ་ཚོགས་འཁོར་བཅས་ཏིལ་གྱི་གོང་བུ་ལྟར། ། མདུན་གྱི་མཁའ་ལ་མངོན་སུམ་ས་ལེར་བ། ། ༢ རབ་བརྗིད་ལྷུན་ཆགས་གསེར་གྱི་རི་བོ་ལ། ། རབ་དཀར་ཉིན་བྱེད་འབུམ་གྱིས་འཁྱུད་པའི་མདངས། ། རབ་མཛེས་དམར་སེར་འོད་ཕུང་ལྷམ་མེ་བ། ། རབ་འབྱམས་རྒྱ་མཚོའི་སྐུ་མངའ་སྨྲ་བའི་སེང་། །
-
དཔལ་ལྡན་བླ་མའི་བསྟོད་པ་རང་ཤར་རིག་པའི་སྒྲ་དབྱངས།
དགུན་གྱི་བུ་ཆུང་རབ་ཏུ་ཁྲོས་ཏེ་གྲང་ངར་སྤུ་གྲི་ཕྱོགས་སུ་གཡུག། ཆབ་ཀྱི་བུ་མོ་སྨྲ་བ་བསྡམས་ཏེ་རེ་ཞིག་སྒོམ་ཆེན་ངང་ཚུལ་བསྐྱངས།། གོས་དཀར་གྱོན་པའི་རི་ཚོགས་དག་ནི་ཤེལ་གྱི་མཆོད་རྟེན་ཞིག་དང་མཚུངས།། ནམ་ཟླ་དགུན་གྱི་དུས་ཚིགས་ཤིག་སྟེ་བདག་ཉིད་ཕྱོགས་སུ་གནས་པའི་དུས།།
-
ཤེས་རབ་ལྷ་མོ་སྒྲ་དབྱངས་རྒྱལ་མོའི་བསྟོད་པ་རྒྱུད་མངས་དབྱངས་སྙན།
༡ ངག་གི་བདུད་རྩི་འཇོ་བའི་དཔལ། ། དྭངས་གསལ་འོ་མའི་མདངས་འཛིན་ཅན། ། བློ་གྲོས་མིག་གི་གཏེར་གྱུར་ལྷ། ། སྒྲ་དབྱངས་རྒྱལ་མོས་ལན་གཅིག་གསོན། །
-
བོན་གྱི་སྐྱབས་འགྲོའི་ངོ་སྤྲོད་སྙིང་བསྡུས་ཙམ།
སྐྱབས་གནས་དཀོན་མཆོག་གསུམ། སངས་རྒྱས་དཀོན་མཆོག བོན་དཀོན་མཆོག། གཤེན་རབ་དཀོན་མཆོག སངས་རྒྱས་ལ་སྐྱབས་སུ་སོང་ན། འཇིག་རྟེན་དྲེགས་པའི་ལྷ་ལ་སྐྱབས་དང་ཕྱག་མི་བྱ། དེ་རྣམས་རང་འཁོར་བ་ལས་མ་ཐར་བས། གཞན་འཁོར་བའི་འཇིགས་པ་ལས་སྐྱོབས་མི་ནུས་པའི་ཕྱིར་རོ། སངས་རྒྱས་ཀྱི་སྐུ་གཟུགས་ལ་མོས་གུས་བྱ། ན་བཟའ་གསོལ། ནང་ནུབ་ཅི་ཟ་ཅི་འཐུང་ཕུད་ཀྱི་དང་པོ་སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད། སེམས་ཅན་གྱི་སྲོག་ལ་འཚེ་བ་མི་བྱ། སངས་རྒྱས་དེ་སེམས་ཅན་ལ་ཐུགས་བརྩེ་བའི་བདག་ཉིད་ཅན་ཡིན་པས་སོ།