རྩོམ་སྒྲིག་པ།
-
བོད་ལྕགས་བྱི་ལོའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཁྲོད་ཨང་རིམ་རྩེ་ཕུད་ལོན་པ་ཁག་ཅིག
༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལ། འབྱུང་ལྡན་༣༠༡བོད་ལྕགས་ཕོ་བྱི་བའི་ལོའི་ཟླ་བ་ལྔ་པའི་ཚེས་སུམ་ཅུ་དང་། བོད་ཟླ་དྲུག་པའི་ཚེས་གཅིག་བཅས་ཉིན་གཉིས་རིང་གི་ཟླ་དྲུག་སྔ་མའི་ལོ་ཕྱེད་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་དང་། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་དང་བཅོ་བརྒྱད་གཉིས་ཀྱི་རིང་ལོ་འཁོར་ཡིག་རྒྱུགས་ཆེན་མོ་བཏང་གནང་བའི་ཟླ་དྲུག་ཕྱི་མའི་ཡིག་རྒྱུགས་ཆེན་མོའི་རྒྱུགས་འབྲས་བཅས་ཟླ་དྲུག་སྔ་ཕྱི་གཉིས་ཀྱི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཁྲོོོད་གནས་རིམ་རྩེེེེེེ་ཕུད་ཁག་གཤམ་གསལ། གནས་རིམ་དང་པོ། མཚན་གཞུང་། ཟླ་དྲུག་སྔ་མ། ངག ཟླ་དྲུག་ཕྱི་མ། ངག ཟླ་དྲུག་སྔ་མ། འབྲི། ཟླ་དྲུག་ཕྱི་མ། འབྲི། ཁྱོན་བསྡོམས། ༡ འཆི་མེད་གཡུང་དྲུང་། ཀ ༥༠ ༥༠ ༥༠ ༥༠ ༢༠༠ ༢ གཡུང་དྲུང་འཕྲིན་ལས། ཁ ༥༠ ༥༠ ༥༠ ༥༠ ༢༠༠ ༣ གཡུང་དྲུང་བསྟན་དར། ༥༠ ༥༠ ༥༠ ༥༠ ༢༠༠ ༤ ངག་དབང་ཤེས་རབ། ༥༠ ༥༠ ༥༠ ༥༠ ༢༠༠ ༥ སངས་རྒྱས་དོན་འགྲུབ། ༥༠ ༥༠ ༥༠ ༥༠ ༢༠༠ ༦…
-
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་མུན་མཚམས་བཅད་རྒྱའི་སྐུ་མཚམས་བདེ་ལེགས་ངང་གྲོལ་བའི་གནས་བསྡུས།
དེ་ཡང་ལྕགས་བྱི་ལོར་འཛམ་གླིང་ཀུན་ལ་ཏོག་དབྱིབས་ནད་དུག་གིས་འགྲོ་འོང་བཀག་སྡོམ་གྱི་ལས་གཞི་སྤྱི་སྒེར་རིམ་བཞིན་ལག་བསྟར་དང་། ཁྱིམ་སྡོད་བཀའ་རྒྱ་གཏན་འབེབས་དགོངས་དོན་སྲུང་བརྩི་ཞུ་མུས་དང་བསྟུན།
-
སྨན་རིའི་དཔེ་མཛོད་ཁང་ནས་རྒྱལ་རབས་བོན་གྱི་འབྱུང་གནས་དང་གླེང་གཞི་བསྟན་པའི་འབྱུང་ཁུངས་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་པ།
བོན་གྱི་ལོ་རྒྱུས་ཡིག་ཚང་ཁྲོད་ལ་སྙན་གྲགས་ལྡན་པའི་མཁས་པ་ཆེན་མོ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་<<རྒྱལ་རབས་བོན་གྱི་འབྱུང་གནས་>>དང་<<གླེང་གཞི་བསྟན་པའི་འབྱུང་ཁུངས་>>ཞེས་པ་གཉིས་མཉམ་དུ་སྒྲིག་པའི་དཔེ་དེབ་འདི་ནི། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དགེ་དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ཀྱིས་མ་དཔེ་མི་འདྲ་བ་མང་པོར་གཤིབ་བསྡུར་གྱིས་ཞུ་སྒྲིག་བྱས་ཏེ་མཆན་ཡིག་སོགས་བཀོད་ཡོད་པའི་ལོ་རྒྱུས་ཡིག་ཆ་གལ་འགངས་ཅན་ཞིག་ཡིན།
-
གཡུང་དྲུང་བོན་གྱི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཚན་ཆུང་གི་ལོ་ངོ་དགུའི་རིང་གི་རྩོམ་སྒྲིག་བྱ་བའི་སྐོར་གྱི་ངོ་སྤྲོད་རགས་བསྡུས།
རྩོམ་སྒྲིག་ཁང་འདི་ཉིད་ཐོག་མར་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནས་དགོངས་གཞི་ཆེར་བསྐྱེད་ཀྱི་ཐོག་ནས་གསར་བཙུགས་མཛད་གནང་བ་ཞིག་ཡིན། དེ་ཡང་བོད་ཡིག་ཡིག་གཟུགས་སོགས་ཀྱི་རྩིས་འཁོར་མཉེན་ཆས་ཆེད་ལས་པ་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཆེད་གཉེར་གནང་བའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་རིས་མེད་བོད་ཀྱི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣས་མཉམ་ལས་ཐོག་གཉེར་བའི་<<སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་>>རྩོམ་སྒྲིག་སྡེ་ཁག་གི་གྲས་སུ་བོན་གྱི་རྩོམ་སྒྲིག་ཁང་གཅིག་པུ་དེ་ཆགས་ཡོད། སྤྱིར་རྩ་བའི་ཚིག་མཛོད་ཆེན་མོ་འདི་ཉིད་ལ་ཆོས་བརྒྱུད་ཁག་གིས་གཙོས་པའི་རྩོམ་སྒྲིག་སྡེ་ཁག་ཉི་ཤུ་མ་ཟིན་ཙམ་ཆེད་འཛུགས་གནང་ཡོད་ལ། རྩོམ་སྒྲིག་མི་སྣ་བརྒྱ་ལྷག་གིས་ཐ་སྙད་རྩོམ་སྒྲིག་བྱེད་བཞིན་ཡོད། བོན་གྱི་རྩོམ་སྒྲིག་མི་སྣ་ལ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ནས་བསྐོས་མངག་མཛད་གནང་བ་མི་གྲངས་བཞི་སྟེ། ཚ་རོང་སྐལ་བཟང་ཕུན་ཚོགས་དང་། འགོ་པ་གཡུང་དྲུང་ཡོན་ཏན། བྱ་རྒོད་འཆི་མེད་གཡུང་དྲུང་། ཟིང་ཆུ་བློ་གྲོས་བསྟན་དར་རྣམས་ཡིན།
-
བོད་ལྕགས་བྱི་ལོའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་ཡིག་རྒྱུགས་བཏངས་པའི་གནས་བསྡུས།
དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡བོད་ལྕགས་བྱི་ལོའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་བོད་ཟླ་༡༡པའི་ཚེས་༡༦-༡༧བཅས་ཉིན་གཉིས་རིང་བཏངས་ཡོད་པ་དང་། ཕྱི་ལོ་༢༠༢༠ལོའི་ཟླ་༡༢ཚེས་༣༠-༣༡བཅས་འཁེལ་ཡོད་འདུག་ལ། ཞོགས་པའི་ཆུ་ཚོད་༨།༤༥སྟེང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་དགེ་བའི་བཤེས་གཉེན་རྣམས་ནས་ཡིག་ཚད་བརྟག་འཛིན་ཞུས་ཡོད་ཅིང་། དེ་ཡང་རྒྱུགས་ལེན་ཡུལ་ངོས་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་འཆམ་རར་བཀོད་སྒྲིག་ཚགས་ཚུད་ཀྱིས་ཆུ་ཚོད་༩།༠༠སྟེང་དངོས་སུ་ཡིག་རྒྱུགས་ཆེན་མོ་དབུ་འཛུགས་གནང་ཡོད་པ་རེད།
-
གཙུག་རྒྱན་དཔོན་གསས་བླ་མའི་འོད་རླབས།
ལུ༷ང་རིགས་མཛོད་འཆང་རྒྱུད་གསུམ་མདོ་འཛིན་མཚན་ལྡན་དཔོན་གསས་བླ་མ་རྗེ།། རྟོག༷ས་གྲོལ་ཡོན་ཏན་གཤོག་དྲུག་འདབ་རྒྱས་འཁོར་འདས་སྤྱི་རྒྱ་རླབས་ཀྱིས་གཅོད།། བསྟ༷ན་པ༷འི་གསལ་བྱེད་རྒྱུན་གནས་བཞི་ཡིས་ཐུགས་རྗེའི་འཇུག་པ་རྒྱུན་དུ་བསྲིངས།། ཉི༷་མ༷་འོད་ཆེན་བསྟན་འགྲོའི་གཙུག་རྒྱན་འགྲོ་བའི་མུན་སེལ་ཁྱེད་ལ་འདུད།།
-
གཡུང་དྲུང་བོན་གྱི་ལུགས་སུ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཡི་ངོས་འཛིན་དང་འགྲེལ་ཚུལ་བླ་ཆེན་དྲན་པ་ནམ་མཁའི་དགོངས་བཞེད་ཐུན་མོང་མ་ཡིན་པ་གཏན་ལ་འབེབས་ཏེ་ཕྱོགས་ཙམ་གླེང་བ།
རྩ་བའི་ས་བཅད་དང་པོ་རྒྱ་ཆེ་བ་ཐེག་པ་ཐུན་མོང་གི་ལུགས་དང་བསྟུན་ནས་སྤྱིར་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཡི་ངོས་འཛིན་གཏན་ལ་འབེབས་ཚུལ་དང་། རྩ་བའི་ས་བཅད་གཉིས་པ་ཐེག་པ་ཐུན་མོང་མ་ཡིན་པ་གཞི་ཡེ་གྲོལ་དུ་འདོད་པའི་རྫོགས་པ་ཆེན་པོ་ལ་གསུམ་དུ་བཤད་པའི་ནང་ཚན་གོལ་ས་ཤུགས་ལས་ཆོད་པར་འདོད་པའི་ལུགས་ཀྱི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱེ་བྲག་ཏུ་གཏན་ལ་འབེབས་ཏེ་ངོས་འཛིན་གནང་ཚུལ་དང་གཉིས་སོ། རྩ་བའི་ས་བཅད་དང་པོ་རྒྱ་ཆེ་བ་ནང་པའི་ཐེག་པ་རིམ་པ་དགུ་ཐུན་མོང་གི་ལུགས་ལྟར་ན། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་མདོ་བཞི། ཞེས་པ།
-
༧རྣམ་མཁྱེན་སྟོན་པ་གཤེན་རབ་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་༩༨༣༧འཁོར་བའི་དུས་མཆོད་ཆེན་མོ།
སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐར་རུ་ཕྱིན་མཛད་ཅིང་། །གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པའི། །གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། ། སྟོན་པའི་བཀའ་<<མདོ་གཟེར་མིག>>ལས། “དགུན་ཟླ་ར་བའི་གནམ་སྟོང་ལ།།འཇིག་རྟེན་སྟོངས་ནས་གཤེན་རབ་འདས།”ཞེས་གསུང་པ་ལྟར་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་མེ་སྤྲེལ་ལོའི་དགུན་ཟླ་ར་བའི་གནམ་སྟོང་ཏེ་ཟླ་བ་༡༠ཚེས་༣༠ཉིན་ཏེ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་མི་རྟག་མྱ་ངན་ལས་འདས་ནས་མི་ལོ་༩༨༣༧འཁོར་བའི་དུས་ཆེན་གྱི་ཉིན་འདིར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཤེན་གྱི་དགེ་སྤྱོད་ཀྱི་ཆོ་གའི་ཞལ་ཕྱེས་ནས་འདས་མཆོད་སྲུང་བརྩི་ཞུ་བཞིན་ཡོད། དེ་ཡང་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ནི། རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ལས་བྱུང་ཞིང༌། དེ་ཡང་རྟག་གཟིགས་འོལ་མོ་ལུང་རིང་གི་ཡུལ་དབུས། སྐུ་མཁར་བར་པོ་སོ་བརྒྱད་དུ་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ཕྱི་ལོའི་སྔོན་གྱི་མི་ལོ་༡༦༠༡༧ཤིང་ཕོ་བྱི་བའི་ལོར་སྐུ་བལྟམས། སྟོན་པ་སངས་རྒྱས་དེ་ཉིད་ཀྱིས་རྣམ་པར་བཞེས་པ་དང༌། རྣམ་པར་སྤེལ་བ། རྣམ་པར་འདུལ་བ། རྣམ་པར་འདྲེན་པ། རྣམ་པར་ངེས་པ། རྣམ་པར་སྤྲུལ་པ། རྣམ་པར་འཇོམས་པ། རྣམ་པར་རྒྱལ་བ། རྣམ་པར་རིག་པ། རྣམ་པར་དབེན་པ། རྣམ་པར་གྲོལ་བ། རྣམ་པར་གྲུབ་པ་བཅས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་བསྟན།
-
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་ཏོག་དབྱིབས་ནད་དུག་བཀག་བསྐྱོད་སྐབས་འདིར་རང་དགོན་གྱི་གྲྭ་བཙུན་ཚོར་འཚོ་བའི་མཁོ་ཆས་བསྩལ་བ།
དེ་ཡང་ཏོག་དབྱིབས་ནད་དུག་ཁྱབ་འཕེལ་གྱིས་འཛམ་གླིང་གི་མི་རིགས་ཀུན་ལ་དཀའ་ངལ་མི་ཉུང་བ་འཕྲད་ཡོད་ལ། ཚོགས་པ་དང་སྤྱི་སྒེར་མང་པོས་ཀྱང་རོགས་སྐྱོར་མི་དམན་པ་གནང་བཞིན་ཡོད་པ་རེད།
-

༄༅། །སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་བཞུགས་པ་ལེགས་སོ།།
ཤེས་བྱ་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། ། རབ་འབྱམས་བོན་སྒོ་ཡོངས་ལ་མངའ་བསྙེམས་ཤིང་། །










