གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཤིང་འབྲུག་ལོའི་བོད་ཟླ་ ༢ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་ཤེས་རབ་སྨྲ་སེང་གི་བཀའ་དབང་གནང་བ།

༸རྒྱལ་བ་སྨན་རི་བ་མཆོག་ནས་བོད་ཤིང་འབྲུག་ ༢༠༢༤ ལོའི་བོད་དང་པོ་སྨྲ་སེང་སྒྲུབ་པའི་ཉིན་མཐའ་མར་བཀའ་དབང་བསྩལ་གནང་འདུག

༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་སྨྲ་སེང་སྒྲུབ་པ་དབུ་འཛུགས་ཞུས་པ།

༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་དེ་རིང་བོད་ཟླ་དང་པོའི་ཚེས་ ༢༣ ནས་གནམ་གོང་བར་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་རྒྱུ་ཡིན་འདུག

བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་དྲུག་པ་དང་སྟོན་པའི་འཁྲུངས་མཆོད།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༥ གདན་ས་སྨན་རིའི་གླིང་དུ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ ༡༨༠༤༢ འཁོར་བའི་དུས་མཆོད་དང་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོའི་ཉིན་དྲུག་པའི་མཛད་རིམ་བསྐྱངས་གནང་སོང་ལ། 

བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་ལྔ་པ།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༤ དང་། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་ཚེས ༢༣ ཉིན་གདན་ས་སྨན་རིའི་གླིང་གི་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོའི་ཉིན་ལྔ་པའི་མཛད་རིམ་བསྐྱངས་གནང་སོང་ལ།  དེ་ཡང་སྔ་དྲོ་བཀའ་རམས་པ་བརྒྱད་ཀྱིས་དམ་བཅའི་ཚིགས་བཤད་བློ་རྒྱུགས་ཕུལ། ཕྱི་དྲོ་དུས་ཚོད་༡།༣༠ ནས་ ༥།༠༠ པའི་བར་བཀའ་རམས་པ་བརྒྱད་དམ་བཅར་བཞུགས་ཤིང་རབ་འབྱམས་དགེ་བའི་བཤེས་རྣམས་ཀྱིས་རིམ་པར་རྟགས་གསལ་རྩོད་གནང་སོང་།

ཧོར་འཕེན་ཚང་དྲང་སྲོང་ལུང་རྟོགས་བསྟན་པ་འབྲུག་གྲགས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་དེབ་གསར་འགྲེམས་སྤེལ་གནང་བ།

བཀའ་རམས་པ་ལུང་རྟོགས་བསྟན་པ་འབྲུག་གྲགས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་ཁོང་ཉིད་ཀྱིས་བརྩམས་པའི་བོན་གྱི་གསང་སྔགས་བསྐྱེད་རྫོགས་སྐོར་ལ་དཔྱད་པ་ཞེས་པའི་དཔེ་གསར་པ་གཅིག་དབུ་འབྱེད་གནང་སོང་།

བཀའ་རམས་པ་ཁོད་སྤུངས་ཚང་དྲང་སྲོང་བློ་གྲོས་བསྟན་པ་དར་རྒྱས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་དཔེ་དེབ་ལྔ་དབུ་འབྱེད་གནང་སོང་།

བཀའ་རམས་པ་ཁོད་སྤུངས་དྲང་སྲོང་དྲང་སྲོང་བློ་གྲོས་བསྟན་པ་དར་རྒྱས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་༡སྤྱི་སྤུངས་ཀྱི་བོན་སྐོར་ལས་འཕྲོ་འདུ་དང་ཞི་ཁྲོའི་ལྷ་ཡི་ངོས་འཛིན་བཅས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་། ༢བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་འགྲེལ་བློ་གསར་འཇུག་སྒོ། ༣གཡས་རུའི་འཆད་རྩོད་ཀྱི་འཆར་སྣང་། ༤

བཀའ་རམས་པ་རག་ཤི་དྲང་སྲོང་ནམ་མཁའ་ཀུན་གསལ་རྒྱལ་མཚན་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་དཔེ་དེབ་གསར་པ་དབུ་འབྱེད་གནང་བ།

བཀའ་རམས་པ་རག་ཤི་དྲང་སྲོང་ནམ་མཁའ་ཀུན་གསལ་རྒྱལ་མཚན་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་ཁོང་ཉིད་ཀྱིས་བརྩམས་པའི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་ལ་དཔྱད་པ་ཞེས་པའི་དཔེ་གསར་པ་གཅིག་དབུ་འབྱེད་གནང་སོང་།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།