གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་གཏོར་ཆེན་མོ་དེ་ཉིད་བྱུང་ལྡན་ ༣༠༡ བོད་ཆུ་ཡོས་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ ༢༦ ནས་ ༢༨ བར་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་གྱི་རིང་འཚོགས་གནང་ཡོད་པ་རེད་
བོས་ཆུ་ཡོས་ལོའི་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ། དེ་བཞིན་སྨན་རིའི་གཞི་རིམ་སློབ་གཉེར་བ་བཅས་ཀྱི་ལོ་འཁོར་ཡིག་རྒྱུགས་དེ་ཉིད་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ པའི་ཚེས་ ༢༨ དང་ ༢༩ སྟེ་ཉིན་གཉིས་ཀྱི་རིང་བཏང་གནང་ཡོད་པ་རེད།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༥ འཁོར་བའི་དུས་ཆེན།
དཔལ་གཤེན་བསྟན་༧སྨན་རིའི་གླིང་དུ་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འདས་མཆོད་བསྲུང་བརྩི་ཞུས་པ།
རྫོགས་པ་ཆེན་པོའི་སྙན་རྒྱུད་བདུད་རྩིའི་རྒྱུན།།
ཞང་བོད་རིག་གཞུང་སྤེལ་བའི་གསེར་རིའི་ཕྲེང་།།
དེ་རིང་སྟེ་ཕྱི་ཚེས་༤ཉིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བལ་ཡུལ་གློ་དོལ་སོགས་ཀྱི་མཛད་འཕྲིན་གྲུབ་ནས
དེ་ཡང་སྔར་སྲོལ་བཞིན་བོད་ཟླ་༠༨ པའི་ཚེས་༠༡
མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།
གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།