-
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་བོན་བུ་ཁྱིམ་ཁང་དུ་ཞབས་སོར་འཁོད་པའི་གནས་བསྡུས།
དེ་ཡང་ཕྱི་ཚེས་༢༠༡༨ལོའི་སྤྱི་ཟླ་༡༡པའི་ཚེས་༢བོད་རྩིས་ལྟར་བོད་ས་ཕོ་ཁྱི་ལོའི་ཟླ་༡༠པའི་ཚེས་༢༥ཉིན། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་མཆོག བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས་གདན་ཞུས་ལྟར་བོན་བུ་ཁྱིམ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།
-
ཨུ་རུ་སུ་ཡི་རྒྱལ་ས་མོ་སི་ཁོ་རུ་རྟེན་གཞི་བྱས་པའི་༸གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་ཐོན།
གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་ཐོན། ཨུ་རུ་སུ་ཡི་རྒྱལ་ས་མོ་སི་ཁོ་རུ་རྟེན་གཞི་བྱས་པའི་༸གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭའི་སྐབས་དང་པོ་དང་གཉིས་པའི་སློབ་ཐོན་བརྒྱུད་རིམ་གཤམ་གསལ། དེ་ཡང་ཨུ་རུ་སུ་གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་སྐབས་དང་པོའི་འཛིན་གྲྭ་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣ ནས་དབུ་བརྩམས་ཏེ། སློབ་གྲྭའི་བཅའ་སྒྲིག་གི་རེའུ་མིག་བཞིན་ཐོས་བསམ་སྒོམ་སྒྲུབ་ལ་བརྩོན་པ་ཆེར་བསྐྱེད་གནང་མཐར། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༨ ཉིན་སློབ་མ་ ༣༣ ཙམ་ལ་སློབ་ཐོན་འབྲས་རྟགས་ཕྱག་འཁྱེར་ཕུལ་བ་དང་འབྲེལ་མི་ལོ་གསུམ་གྱི་རིང་སྒོམ་སྒྲུབ་ལ་བར་ཆད་མ་བྱུང་བར་སློབ་པ་མཐར་སོན་གྱི་དགའ་སྟོན་དང་གཏང་རག་གི་ཚུལ་དུ་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པར་བླ་མ་མཆོད་པའི་ཚོགས་མཆོད་རྒྱས་པར་ཕུལ།
-
༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག འབྲས་ལྗོངས་ཀྱི་ཕྱོགས་སུ་ཆིབས་བསྒྱུར་དང་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་བ།
དེ་ཡང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་༧འབྲས་ལྗོངས་སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་དང་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་རྒན་དགེ་བཤེས་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་ཀྱིས་གདན་ཞུས་ལྟར་ཕྱི་ལོ་༢༠༡༨ཟླ་༡༠པའི་ཚེས་༡༥ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༡ཙམ་ལ་གོང་འཁོད་བཞིན་༧འབྲས་ལྗོངས་སོག་གཡུང་དྲུང་གླིང་དགོན་དུ་ཞབས་སོར་བདེ་བར་བཀོད་པ་དང་།
-
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ པ་མཆོག་གི་སྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོའི་ཉིན་དང་པོ།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༦ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༧།༣༠ ཐོག་སེར་སྐྱ་མི་མང་རྣམས་ལྷ་རྒྱལ་རི་རྕེར་ལྷན་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་གྱི་བསང་དུད་གཡུ་འོད་ནམ་མཁའ་གང་བ་དང་དྲི་བདའ་སྨན་སྤོས་སོགས་ཀྱིས་བསུང་ཞིམ་ས་གཞིར་ཁྱབ་པ་དང་དགུང་སྔོན་དབྱིངས་སུ་རླུང་རྟའི་འོད་ཀྱིས་འཚེར་བར་གནང་ཞིང་དེ་བཞིན་རླུང་རྟ་སྒྲོན་འཛུགས་དང་ཀི་བསོ་ལྷ་རྒྱལ་སོགས་ཀྱི་ཚིག་བཤད་དབྱངས་སུ་འཐེན་ནས་བསང་གསོལ་གྲུབ་རྗེས། གོང་ཚེས་ཀྱི་སྔ་དྲོའི་ཕྱག་ཚོད་༩ པའི་ཐོག༧ ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་པའི་ ༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་སེམས་དཔའ་དགེ་འདུན་གྱི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་དབུས་པའི་དམིགས་གསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བརྟན་འཕེལ་མཆོག་དང་དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུ་འཛིན་དང་སྐུ་མགྲོན་སྦྱིན་བདག་བཅས་འདུལ་ཁང་ཆེན་མོར་རྒྱས་འཛོམས་བྱུང་རྗེས་སུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་རིན་པོ་ཆེ་མཆོག་
-
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་གྱི་མངའ་ཁོངས་(Sikkimའབྲས་ལྗོངས་)སུ་བསྟན་འགྲོའི་དོན་དུ་མཛད་འཕྲིན་སྐྱོང་བ།
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༡༨ཟླ་བ་༡༠པའི་ཚེས་༡༣ཉིན་(ཅང་དྷི་གྷར་Chandigarh) ནས་རྒྱ་གར་གྱི་རྒྱལ་ས་(ལྡི་ལིར་Delhi)ཕེབས་འབྱོར་བྱུང་བ་དང་།
-
༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་ཉེར་གཅིག་པ་དབུ་འཛུགས་གནང་བའི་གནས་བསྡུས།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠ ཚེས་ ༡༠ བོད་ས་ཁྱི་ལོའི་བོད་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་ཉེར་གཅིག་པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་༧གདན་ས་ཆེན་མོ་གཡས་རུ་དབེན་ས་ཁའི་ཕྱག་སྲོལ་བཞིན་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་འདི་ནི།ཐོག་མར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱི་ལོ་༡༩༩༧ལོར་༧གསང་གསུམ་བོན་གྱི་མཛོད་འཛིན་ངེས་པ་དོན་གྱི་བདག་ཉིད་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་པ་དང་།
-
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་གནང་བའི་ཐུགས་གསོའི་འཚམས་འཕྲིན།
དུས་འགྱུར་གྱི་རྗེས་སུ་བོད་ཕྱི་ནང་གཉིས་ཀར་རླུང་ལྟར་གྲགས་པ་རྫོགས་ཆེན་པ་ཆོས་རྒྱལ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་གནས་ཚུལ་གོ་ཐོས་བྱུང་བར་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང། དེ་ནི་ང་དང་ཁོང་གི་སློབ་མ་དང་ནང་མི་ལྟོས་བཅས་ཙམ་མ་ཡིན་པར། ཞང་བོད་ཀྱི་ཤེས་རིག་ལ་དོ་སྣང་ཅན་དང་ནང་སེམས་ཀྱི་ཞི་བདེ་ལ་དགའ་བའི་རྒྱལ་ཕྱི་ནང་གི་སྐྱེ་བོ་སྟོང་ཕྲག་མང་པོར་གྱོང་གུད་ཚབ་ཆེན་ཞིག་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད། ཁོང་གིས་རང་མི་རིགས་ལ་དགའ་ཞེན་ལྷག་བསམ་དྲི་མ་མེད་པར་བཅང་སྟེ་བོད་མི་རིགས་ཀྱི་ཤེས་རིག་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། དེ་ཡང་བོད་ཀྱི་གཏམ་དཔེར། གནའ་སྲིད་པ་ཆགས་པའི་གངས་དཀར་ལས།
-
མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་སྐུ་གཤེགས་འདུག
མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་ཕྱི་ཟླ་༩ པའི་ཚེས་༢༧ གྱི་དགོང་མོ་ཡུལ་དེའི་ཆུ་ཚོད་༩ དང་སྐར་མ་༡༠ ཐོག་ནུབ་ཕྱོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིར་ཡོད་པའི་ཁོང་གི་གདན་ས་མེ་རི་སྒར་ནས་དགོངས་པ་རྫོགས་འདུག མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་ནི། ཕྱི་ལོ་༡༩༣༨ ལོར་བོད་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་སུ་འཁྲུངས་ཡོད་ཅིང་། ཕྱི་ལོ་༡༩༥༧ ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་། ཕྱི་ལོ་༡༩༥༧ ལོར་རྒྱ་གར་འབྲས་ལྗོངས་དུ་ཕེབས་ནས་དེ་གར་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ཕྱི་ལོ་༡༩༦༤ ལོར་ཨི་ཊ་ལིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཆེན་མོའི་འགན་བཞེས། ཕྱི་ལོ་༡༩༨༡ ལོར་རྫོགས་པ་ཆེན་པོའི་‘རིག་གནས་མཐུན་ཚོགས་’ཞེས་པ་གསར་འཛུགས་བྱས། ཕྱི་ལོ་༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་‘ཞང་ཞུང་དཔེ་སྐྲུན་ཁང་’ཞེས་པ་ཞིག་གསར་ཏུ་བཙུགས། ཕྱི་ལོ་༡༩༨༩ ལོར་‘ཞང་ཞུང་ཞིབ་འཇུག་ཁང་’ཞིག་གསར་འཛུགས་བྱས། ཕྱི་ལོ་༡༩༩༦ ལོར་ཁོང་གི་ཆེད་རྩོམ་སྐད་གྲགས་ཆེ་ཤོས་‘ཞང་བོད་ལོ་རྒྱུས་ཏི་སེའི་འོད་’ཞེས་པ་དེ་དཔར་བསྐྲུན་བྱས། ད་དུང་ཁོང་གི་བརྩམ་ཆོས་ལ། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ། བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ། ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་། རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར། བྱང་འབྲོག་ལམ་ཡིག རྫོགས་པ་ཆེན་པོ་དང་ཏིང་ངེ་འཛིན་སོགས་ཡོད་པ་རེད
-
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་དང་། སྣང་ཞིག་དགོན་དུ་མཚན་ཉིད་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རྟེན་འབྲེལ་མཛད་སྒོ་ལྷན་དུ་སྤེལ་པ།
-
༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་པ།
དེ་ཡང་སྔར་སྲོལ་བཞིན་བོད་ཟླ་༠༨ པའི་ཚེས་༠༡ ནས་༠༨ བར་ཉིན་བདུན་གྱི་རིང་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་ལོ་ལྟར་འཚོགས་སྲོལ་ཡོད་པ་བཞིན།
-
༼རྗེས་དྲན་ཆེད་དེབ་༽ཀྱི་རྩོམ་ཡིག་བསྡུ་བའི་བརྡ་སྦྱོར།
༄༅། ། རྒྱལ་ཁབ་ཕྱི་ནང་ན་བཞུགས་པའི་རིས་མེད་སྙུག་ཐོགས་པ་སྤྱི་དང་སྒོས་སུ་མགོན་པོ་གང་གི་བཀའ་གསུང་བདུད་རྩི་དྲོན་མོས་ཡུན་རིང་བསྐྱངས་མྱོང་བའི་དད་ལྡན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ད་ལན་བདག་ཅག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ། མདོ་སྔགས་རྫོགས་གསུམ་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་གྲུབ་དམ་པ། སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲས་ན། རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་གང་ཉིད།སྐུ་ཚེའི་མཛད་པ་རེ་ཞིག་རྫོགས་ཏེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་སྐབས་འདིར། ངེད་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས་བླ་མ་རིན་པོ་ཆེའི་གདན་ས་བོན་བརྒྱ་སྨན་རིའི་གླིང་གི་གྲྭ་བཙུན་འདུས་པ་སྤྱི་དང་། རེབ་གོང་བོན་མང་རིག་འཛིན་ཕུར་ཐོགས་ཡོངས་ལ་གྲོས་བསྡུར་གྱིས་རྩ་བའི་བླ་མ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་༼ རྗེས་དྲན་ཆེད་དེབ ༽ཅིག་གང་མྱུར་དུ་དཔར་སྐྲུན་བྱ་འཆར་ཡོད་པས། རྒྱ་ཆེའི་རྩོམ་པ་པོ་དང་དད་ལྡན་སློབ་འབངས་ཡོངས་ནས་དགོང་ཞག་ཞེ་དགུའི་ནང་འདིར་སོ་སོའི་རྩོམ་ཡིག་གང་ལེགས་རེ་ངེད་ལས་སྒྲུབ་ཁང་ལ་བསྐུར་གནང་ཡོད་པ་ཞུ་ཞུ།། རྩོམ་བསྡུའི་ཆ་རྐྱེན་ནི། ༡ བརྗོད་བྱ་ངེས་པར་དུ་མགོན་པོ་གང་གི་མཛད་པ་འཕྲིན་ལས་དང་འབྲེལ་དགོས། ༢ ཡིག་གྲངས་དང་རྩོམ་ལུས་རྩོམ་སྟངས་ལ་ཚད་བཀག་ཅི་ཡང་མེད། ༣ དེབ་གྲངས་དང་སྲབ་མཐུག་སོགས་ནི་རྩོམ་འབྱོར་བའི་གནས་ཚུལ་ལ་གཞིག་སྟེ་ཐག་གཅོད་རྩིས་ཡོད། ༤ དེབ་འདི་རྒྱལ་ཁབ་ཀྱི་ཚད་ལྡན་དཔེ་སྐྲུན་ཁང་བརྒྱུད་ནས་དཔར་འཆར་ཡོད་པས་རྩོམ་འབྱོར་ཚད་ནང་དུ་འགོད་ཐུབ་པའི་ངེས་པ་མེད། ༥ རྩོམ་ཡིག་གདམ་གསེས་དང་ཞུ་དག་གི་ལས་རིམ་ཁག་ནི་བླ་མ་དགེ་བའི་བཤེས་གཉེན་དག་ལ་གཏུག་ནས་བསྒྲུབ་ངེས་ཡིན་པ་བཅས་སོ།། ༦ སྤྱི་ཟླ་བཅུ་བའི་ཚེས་ལྔ་ཉིན་ནས་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་པས་དེ་བཞིན་དགོངས་བཞེས་མཛོད། རྩོམ་ཡིག་བསྐུར་ཡུལ། 984103380@qq.com & tenzin4440@yahoo.com ཡོང་ཁུངས་<རེབ་གོང་བོན་མང་དྲྭ་ཚིགས།>
-
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་བསྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོའི་ཉིན་ཐ་མ།
ཕྱི་ལོ་༢༠༡༨ཟླ་༩ཚེས༧ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩།༣༠ཐོག ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མི་སྒྲིག་འཛུགས་ཀྱི་ཆོས་རིགས་དྲུང་ཆེ་དང་ཆོས་རྒྱུད་ཁག་གི་སྐུ་ཚབ་རྣམ་པ། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ། གཡུང་དྲུང་བོན་གྱི་ཆོས་ཚོགས་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ཆོལ་ཁའི་འཐུས་མི་རྣམ་པ། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བོན་གཞིས་ཌོ་ལན་ཇི་ཉིན་སློབ་ཀྱི་སློབ་སྤྱི་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་དབུ་འཛིན་སོགས་གཙོས་པའི་སེར་སྐྱ་མི་མང་ལྷན་རྒྱས་བསྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་ཆེན་མོའི་ཚོགས་རར་བཞུགས་གདན་འཁོད་མཚམས་སུ་མཛད་སྒོ་གཙོ་སྐྱོང་པ་ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོ་དང་དགེ་བཤེས་ཚེ་དབང་དངོས་གྲུབ་རྣམ་གཉིས་ཀྱིས་བོད་སྐད་དང་དབྱིན་སྐད་ཟུང་ནས་མཛད་སྒོའི་དབུ་འཛུགས་ཀྱི་གཙོ་སྐྱོང་གནང་བ་དང་།